གཙོ་ངོས། / གཉེར་ཚང་།

གཉེར་ཚང་།

སློབ་གཉེར་བ་ཁག་གཅིག་ནས་ཞལ་ལག་འདྲེན་བཞིན་པ།

༄༅། །བཀྲ་ཤིས་ལྗོངས་སུ་གདན་ས་ཁམས་པ་སྒར་ཕྱག་བཏབ་ནས་བཟུང་བཤད་གྲྭ་ཕལ་ཆེར་ཡོད་ཀྱང་། གྲྭ་ཚང་ལས་ལོགས་སུ་བཤད་གྲྭ་ལ་འདུ་ཁང་དང་གྲྭ་ཤག ཡིག་ཚང་། གཉེར་ཚང་ཟེར་བ་ཞིག་མེད་མོད།  ཕྱི་ལོ་ ༢༠༠༣ ལོར་བཤད་གྲྭ་གསར་བཞེང་གྲུབ་པར་བརྟེན་བཤད་གྲྭ་རང་ལ་གཉེར་པ་དང་གཉེར་ཚང་ཞིག་དགོས་གལ་ཆེ་བར་སོང་། གྲྭ་ཚང་གི་གྲྭ་རྒན་པ་རིན་ཆེན་སྙིང་པོ་བཤད་གྲྭའི་གཉེར་པར་བསྐོ་གཞག་བྱས་ཏེ། ལོ་ངོ་གསུམ་གྱི་རིང་བཤད་གྲྭའི་སློབ་གཉེར་བ་རྣམས་ལ་ཞལ་ལག་གི་མཐུན་འགྱུར་གནང་།
༢༠༠༦ ལོར་སླར་ཡང་སྔར་རྒྱུན་ལྟར་གྲྭ་ཚང་གི་གྲྭ་རྒན་པ་ཕུན་ཚོགས་ཆོས་འབྱོར་གཉེར་པར་བསྐོ་བཞག་བྱས་ཏེ་ཞལ་ལག་གི་མཐུན་འགྱུར་ཐབས་ཤེས་གང་ཡོང་གནང་ཐོག །སྐབས་དེ་ནས་སློབ་གཉེར་བ་མང་དུ་ཕྱིན་ཏེ་འགྲོ་སོང་ཇེ་ཆེར་སོང་བར་བརྟེན། བཤད་གྲྭའི་་ཡིག་ཚང་ནས་ཀྱང་འགྲོ་གྲོན་བཏང་།

 

གཉེར་པ།

ལྷུན་འགྲུབ་དཔལ་ལྡན།

༢༠༠༩ ལོར་གྲྭ་ཚང་ནས་གཉེར་པ་བསྐོ་གཞག་མི་དགོས་པར་བཤད་གྲྭ་རང་ནས་གཉེར་པ་བཞག་ན་དགེ་མཚན་ཆེ་བར་མཐོང་ནས། བཤད་གྲྭའི་གྲྭ་ལྷུན་གྲུབ་དཔལ་ལྡན་གཉེར་པར་བསྐོས་ཤིང་གཟིགས་རྟོག་གནང་བ་དང་དཔལ་འབྱོར་འདུ་འགོད་དང་འགྲོ་གྲོན་རྣམས་ཡིག་ཚང་ནས་གཏོང་རྒྱུ་བྱས།

 

 

 

བཀྲི་ཤིས་ཚེ་རིང་།

  • ཕྱི་ལོ་ ༢༠༡༢ ལོར་བཤད་གྲྭའི་གྲྭ་བཀྲ་ཤིས་གཉེར་པར་བསྐོས་ཏེ་གཟིགས་རྟོག་གནང་བ་དང་འགྲོ་སོང་སྔར་རྒྱུན་བཞིན་ཡིག་ཚང་ནས་བཏང་།

 

ཨོ་རྒྱན།

   ༢༠༡༥ ལོར་བཤད་གྲྭའི་སློབ་ཐོན་པ་ཨོ་རྒྱན་གཉེར་པར་བསྐོས་ཏེ་འགྲོ་གྲོན་སྔར་མུས་ལྟར་བྱས།

 

སེངྒེ་རྒྱལ་མཚན།

ཕྱི་ལོ་ ༢༠༡༧ ལོར་ ་སེངྒེ་རྒྱལ་མཚན་གཉེར་པར་བསྐོས་ཏེ་གཟིགས་རྟོག་གནང་་བ་དང་འགྲོ་སོང་སྔར་མུས་ལྟར་ཡིག་ཚང་ནས་བཏང་།

 

བཤད་སྒྲུབ་བསྟན་འཛིན།

ཕྱི་ལོ་༢༠༢༠ ལོར་སློབ་ཐོན་པ་བཤད་སྒྲུབ་བསྟན་འཛིན་གཉེར་པར་བསྐོས་ནས་གཟིགས་རྟོག་གནང་མུས་འགྲོ་གྲོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས།

 

བློ་གྲོས་འོད་ཟེར།

ཕྱི་ལོ་ ༢༠༢༣ ལོར་ གཉེར་པར་བསྐོས་ཏེ་གཟིགས་རྟོག་གནང་བཞིན་ཡོད།

 

Show Buttons
Hide Buttons