གཙོ་ངོས། / ངོ་སྤྲོད།

ངོ་སྤྲོད།

གཞི་རིམ་སློབ་གྲྭ་གསར་བཞེངས་ཀྱི་སྐོར།

ཕྱི་ལོ་ ༢༠༠༨ ལོར་ཧི་མ་ལའི་ས་ཁུལ་ཁག་ཅིག་ནས་ནང་ཆོས་དོན་གཉེར་ཅན་གྱི་ཕྲུ་གུ་སུམ་བཅུ་ལྷག་ཙམ་འདི་གར་འབྱོར་བར་བརྟེན། བཤད་གྲྭའི་ངོས་ནས་སློབ་ཕྲུག་དེ་དག་གི་བཞུགས་གནས་དང་། སློབ་ཁང་། འཚོ་གོས་སོགས་ཐབས་ཤེས་གང་དྲག་གནང་སྟེ། བོད་རྒྱུད་ནང་བསྟན་གྱི་འཇུག་སྒོ་བོད་ཀྱི་སྐད་ཡིག་དང་ཕྱིའི་སྐད་ཡིག ནང་ཆོས་སོགས་ལ་སློབ་ཁྲིད་དབུ་འཛུགས་བྱས་ཤིང་། ཕྱི་ལོ་ ༢༠༠༩ ལོར་འདི་ག་རང་དགོན་གྱི་སྤྲུལ་སྐུ་སྤོབས་པ་མཆོག་བཀྲ་ཤིས་ལྗོངས་གཞིས་ལས་ཁང་གི་དབུ་འཛིན་གཞོན་པའི་སྐབས། ས་གནས་ཡུལ་མིའི་ཆེད་དུ་ཉིན་མོའི་སློབ་གྲྭ་ཞིག་གསར་བཞེངས་གནང་བ་དེ། བཤད་གྲྭར་གནང་ཐུབ་ན་དགེ་མཚན་ཆེ་སྐོར་ཞུས་དོན་ལྟར་ཁོང་གིས་བཤད་གྲྭར་གནང་ཞིང་། སློབ་ཁང་དེ་ལ་གསང་སྤྱོད་དང་། ཐབ་ཚང། འཛིན་ཆས། ནང་ཆས་སོགས་ཁ་སྣོན་ཐབས་ཤེས་གང་ཡོང་བྱས་ཏེ་སློབ་ཕྲུག་རྣམ་པ་དེར་གནས་སྤོ་བྱས་ཤིང་སློབ་ཕྲུག་རྣམ་པའི་འཚོ་གོས་དང་སྨན། སློབ་དེབ་སོགས་ཀྱིས་མཐུན་རྐྱེན་བསྐྲུན་ནས་བོད་ཀྱི་སྐད་ཡིག་རིག་གནས་དང་། དབྱིན་ཡིག་བཅས་འབྲི་ཀློག་མཐུན་འགྱུར་གནང་ཐུབ་པ་བྱུང་ཡོད།

 

གཞི་རིམ་སློབ་གྲྭ
ཕྱི་ལོ་ ༢༠༠༨ ལོ་བཤད་གྲྭའི་གྲྭ་ལེགས་བཤད་འབྱོར་ལྡན་ནས་སློབ་དགེ་མཛད་ཅིང་། ཕྱིས་སུ་ཧི་མ་ལའི་རི་རྒྱུད་ཁུལ་ནས་སློབ་ཕྲུག་མང་དུ་ཕྱིན་པར་བརྟེན།
སྤྱི་ལོ་ ༢༠༡༢ ལོར་རྒན་ལེགས་བཤད་འབྱོར་ལྡན་གྱི་ཕྱག་རོགས་སུ་སློབ་ཐོན་པ་ཡེ་ཤེས་ཕུན་ཚོགས་དང་ཚུལ་ཁྲིམས་བཟང་པོ་གཉིས་རྣམ་གཉིས་ཀྱིས་སློབ་ཁྲིད་དང་གཟིགས་སྐྱོང་གནང་།
སྤྱི་ལོ་ ༢༠༡༣ ལོར་སློབ་ཐོན་པ་སངས་རྒྱས་འཕྲིན་ལས་དང་། ཚུལ་ཁྲིམས་བཟང་པོ། ཡེ་ཤེས་ཕུན་ཚོགས་གསུམ་གྱིས་གཟིགས་རྟོག་གནང་།
སྤྱི་ལོ་ ༢༠༡༤ ལོར་རྒན་ཚུལ་ཁྲིམས་བཟང་པོ་དང་བསྟན་འཛིན་ཆོས་རྒྱལ་གཉིས་ཀྱིས་གཟིགས་རྟོག་གནང་།
སྤྱི་ལོ་༢༠༡༦ ལོར་རྒན་ཚུལ་ཁྲིམས་བཟང་པོ་དང་ཉི་མ་རྡོ་རྗེ། ཀརྨ་རྣམ་དག ཆོས་དབྱིངས་ལྷ་མོ་བཅས་ནས་གཟིགས་རྟོག་གནང་།
སྤྱི་ལོ་ ༢༠༡༧ ལོར་སློབ་དཔོན་བསམ་གཏན་དང་རྒན་ཀརྨ་རྣམ་དག ཆོས་དབྱིངས་ལྷ་མོ་བཅས་ནས་གཟིགས་སྐྱོང་གནང་།
སྤྱི་ལོ་༢༠༡༨ ལོར་སློབ་དཔོན་བསམ་གཏན་དང་། རྒན་ཀརྨ་རྣམ་དག སྨོན་ལམ་ཀུན་ཁྱབ། ཆོས་དབྱིངས་ལྷ་མོ་བཅས་ནས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་མ་དྲུག་ཅུ་ལྷག་ལ་སློབ་ཁྲིད་དང་གཟིགས་རྟོག་གནང་གིན་ཡོད།
སྤྱི་ལོ་༢༠༡༩ ལོར་སློབ་དཔོན་བསམ་གཏན་གྱི་སློབ་དགེ་དང་གཟིགས་རྟོག་གནང་ཞིང་། རྒན་སྲི་རྒྱལ་དང་རྒན་ཀརྨ་རྣམ་དག་གཉིས་ཀྱི་སློབ་དགེ་གནང་ཡོད།
སྤྱི་ལོ་༢༠༢༠ ལོར་སློབ་དཔོན་བསམ་གཏན་གྱི་སློབ་དགེ་དང་གཟིགས་རྟོག་གནང་ཞིང་། རྒན་སྲི་རྒྱལ་དང་རྒན་ཀརྨ་རྣམ་དག་གཉིས་ཀྱི་སློབ་དགེ་གནང་ཡོད།

 

གཞི་རིམ་སློབ་གྲྭའི་སློབ་མ་རྣམས།

Show Buttons
Hide Buttons