གཙོ་ངོས། / དམིགས་ཡུལ།

དམིགས་ཡུལ།

– ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཞི་རིམ་སློབ་གྲྭ་བརྒྱབ་པའི་དམིགས་ཡུལ།

བོད་དང་རྒྱ་གར། འབྲུག་དང་བལ་ཡུལ་སོགས་ཧི་མ་ལའི་རི་རྒྱུད་དུ་ཕ་མེས་ཡང་མེས་ནས་ནང་པ་ཡིན་པའི་མི་རིགས་མང་པོ་ཡོད། ས་གནས་དེ་དག་གི་ནང་པའི་མི་རིགས་ཚོས་རང་རང་གི་བུ་ཕྲུག་ཚོར་ནང་ཆོས་ཀྱི་སློབ་སྦྱོང་སྤྲོད་འདོད་ཡོད་ཀྱང་། ས་གནས་སོ་སོར་ནང་པའི་ཆོས་དང་རིག་གཞུང་སློབ་སའི་བསྟི་གནས་དང་མཐུན་རྐྱེན་ཅུང་ཞན་སྟབས། རིས་མེད་བོད་ཀྱི་དགོན་སྡེ་ཁག་ལ་སློབ་གཉེར་དུ་གཏོང་བཞིན་པ་ལྟར། ཧི་མ་ལའི་མི་རིགས་ལ་དྭགས་དང་། ཟངས་དཀར། ག་ཞཱ། ཁུ་ནུ།འབྲ་ལྗོངས། འབྲུག་དང་བལ་ཡུལ་གྱི་ས་གནས་ཁག་མང་པོ་ཞིག་འདི་ག་བཤད་གྲྭ་དང་ཆོས་རྒྱུད་ཀྱི་འབྲེལ་བ་དམ་ཟབ་ཡོད་པར་སོང་། ས་གནས་དེ་དག་གི་ནང་པའི་ཡུལ་གྲུ་ཁག་ལ་ནང་བསྟན་མི་ཉམས་རྒྱུན་འཛིན་ཐུབ་ཐབས་དང་། འདི་ག་བཤད་གྲྭར་སློབ་གཉེར་གནང་བར་འབྲི་ཀློག བརྡ་དག་རིག་གནས་ཀྱི་སྔོན་འགྲོའི་རྨང་གཞི་འདིང་ཆེད་བཙུགས་པ་ཞིག་ཡིན།

གཞི་རིམ་སློབ་གྲྭའི་སློབ་མ་རྣམས།
                                                                       གུང་གསེང་སྐབས་ཕྲུག་གུ་ཚོས་གློག་བརྙན་གཟིགས་བཞིན་པ།

 

 

Show Buttons
Hide Buttons