གཙོ་ངོས། / རྒྱུགས་སྤྲོད།

རྒྱུགས་སྤྲོད།

 

༄༅། ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་ར་སློབ་གླིང་འདིའི་ནང་དུ། སློབ་གཉེར་བ་ཡོངས་ནས་ལོ་རེར་རྒྱུགས་སྤྲོད་ཐེངས་གཉིས་སྤྲད་དགོས། དེ་ཡང་བོད་ཟླ་དྲུག་པའི་ནང་ལོ་ཕྱེད་ཡིག་རྒྱུགས་དང་། ལོ་མཇུག་ཏུ་ལོ་འཁོར་ཡིག་རྒྱུགས་ཆེན་མོ་སྤྲད་དགོས། རྒྱུགས་སྤྲོད་དེ་ལ་ཡང་འཛིན་གྲྭ་སོ་སོའི་རྩ་བའི་སློབ་ཚན་དང་ཡན་ལག་སློབ་ཚན་རྣམས་ལ་འབྲི་རྒྱུགས་དང་། བློ་རྒྱུགས། རྩོད་རྒྱུགས་བཅས་ཡོད། གཞན་ཡང་ཟུར་སྦྱོང་སློབ་ཚན་དབྱིན་ཡིག་དང་བརྡ་སྤྲོད་ལའང་ཡིག་རྒྱུགས་སྤྲད་དགོས་པ་བཅས་སོ། །

འབྲི་རྒྱུགས་སྤྲད་བཞིན་རྣམ་པ།

 

 

རྒྱུགས་ཞིབ་པའི་དགེ་རྒན་རྣམ་པ།

རྩོད་རྒྱུགས་ཀྱི་བརྒྱ་ཆ་སྤྲད་བཞིན་པ།

Show Buttons
Hide Buttons