གཙོ་ངོས། / རྒྱུན་གྲོན་ཆེད།

རྒྱུན་གྲོན་ཆེད།

སློབ་གླིང་འདིར་དེང་སང་མཁན་པོ་དགེ་རྒན་ལས་བྱེད་སློབ་གཉེར་བ་གྲངས་བརྒྱ་དང་ལྔ་བཅུ་དང་། གཞི་རིམ་སློབ་གྲྭར་སློབ་ཕྲུག་བདུན་བཅུ་ཁྱོན་བསྡོམས་པའི་མཁན་སློབ་ཉིས་བརྒྱ་ཉི་ཤུ་ལྷག་ཅིག་ཡོད་ཅིང་། འདི་དག་གི་རྒྱུན་ལྡན་ཞལ་ལག་གི་ཆེད་དུ། ཉིན་འཁྱོངས་ལ་ཨ་སྒོར་ 200 ཡས་མས་དང་། ཟླ་གཅིག་ལ་ཨ་སྒོར 6,000/ ལོ་གཅིག་ལ་ཨ་སྒོར་ 72,000/ ཡས་མས་འགྲོ་གི་ཡོད།  གཞན་ཡང་མཁན་པོ་དང་དགེ་རྒན་ལས་བྱེད་རྣམ་པར་སྐུ་ཡོན་དང་ལས་ཕོགས། སློབ་གཉེར་བ་རྣམ་པར་སློབ་ཡོན། གསོལ་སྨན་དང་། སློབ་དེབ། བཤད་གྲྭ་དང་སློབ་གྲྭའི་ནང་ཆས། སློབ་ཕྲུག་རྣམ་པའི་ཉལ་ཆས་དང་ན་བཟའ། ཆུ་དང་གློག་རིན། ཡིག་ཚང་གི་ཁ་པར་དང་དྲྭ་བ། ཡིག་དཔར་སོགས་དང་། སློབ་གླིང་གསར་པའི་སྐྱར་ལས་སོགས་ཀྱི་འགྲོ་སོང་ལ་ཟླ་རེར་ཨ་སྒོར 6,000/ ཡས་མས་དང་ལོ་གཅིག་ལ་72,000/ ཡས་མས་འགྲོ་གི་ཡོད་སྟབས།  ཁྱོན་བསྡོམས་ལོ་གཅིག་ལ་རྒྱུན་ལྡན་གྱི་འགྲོ་སོང་ལ་ཨ་སྒོར་ 1,44,000/ ཡས་མས་འགྲོ་གི་ཡོད་པ་བརྟེན། སློབ་གཉེར་བ་རེར་ཉིན་གཅིག་ལ་ཨ་སྒོར་ 2 མ་ཟིན་ཙམ་འགྲོ་གིན་ཡོད།

དགེ་འདུན་པའི་རྒྱུན་ལྡན་གྱི་ཞལ་ལག་གི་ཆེད་དུ་འགྲོ་སོང་བཤམ་གསལ།

ཕྱག་ཚོད། ཞལ་ཟས། ཨ་སྒོར $.
7:00 བོད་ཇ་དང་དཀྲིས་མོག 48/
9:30 གསོལ་ཇ་མངར་མོ། 16/
12:00 གུང་ཚིགས། 85/
3:00 གསོལ་ཇ་མངར་མོ། 16/
6:30 དགོང་ཟས། 47/
ཁྱོན་བསྡོམས།    / Total 212/

                                                      དམིགས་བསལ་ཞལ་ལག་རྒྱས་པ་ལ་འགྲོ་སོང་གཤམ་གསལ།

ཕྱག་ཚོད། ཞལ་ཟས། ཨ་སྒོར $.
7:00 ཞོགས་ཟས་རྩམ་པ་དང་བོད་ཇ། 39/
9:30 གསོལ་ཇ་མངར་མོ་དང་བཞེས་བག 80/
12:00 གུང་ཚིགས། 339/
3:00 གསོལ་ཇ་མངར་མོ་དང་ཁམ་ཟས། 54/
6:30 དགོང་ཟས། 170/
ཁྱོན་བསྡོམས།     / Total $ 736/
གཞན་ཡང་།  འདུས་ཚོགས་སུ་མང་ཇ་ལ། 54/
དགེ་འདུན་གྲངས་225ལ་སྐུ་འགྱེད།

 

 

དམིགས་བསལ་གསོལ་ཚིགས།
ཁྱད་ལས་སྨན་པས་ནད་བརྟག་བཞིན་པ།
སློབ་གཉེར་བ་ཁག་གཅིག་ནས་ཞལ་ལག་འདྲེན་བཞིན་པ།

སྐུ་རིམ་འཚོག་བཞིན་པ
Show Buttons
Hide Buttons