རྩོམ་སྒྲིག་ཁང་གི་ལོ་རྒྱུས་མདོར་བསྡུས།

དཔལ་འབྲུག་པའི་གདམས་ཟབ་གཅེས་སྐྱོང་ཁང་ནི། ཕྱི་ལོ་༢༠༡༤ ལོར་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་སྤྱི་ཁྱབ་སློབ་སྟོན་པ་མཁན་རིན་པོ་ཆེ་ཆོས་དབྱིངས་ལྷུན་གྲུབ་ལགས་ནས་གསར་དུ་བཙུགས་པའི་ཚོགས་པ་ཆུང་ཞིག་ཡིན། རྩོམ་སྒྲིག་ཁང་ནང་དུ་ལས་བྱེད་པ་ལྔའམ་དྲུག་བསྐོ་ཡི་ཡོད། དེ་ཡང་། ཚོགས་གཙོ་དང་། དྲུང་ཡིག དངུལ་གཉེར་། གཞན་ལས་རོགས་བཅས་ཡོད། ཚོགས་ཆུང་དེ་བཙུགས་ནས་ད་བར་མི་ཉམས་གོང་འཕེལ་གྱི་རྒྱུན་བསྐྱངས་དང་སྐྱོང་བཞིན་པའི་སྒང་ཡིན།  

རྩོམ་སྒྲིག་ཁང་གི་དམིགས་ཡུལ།

དཔལ་མཉམ་མེད་བཀའ་བརྒྱུད་པའི་ནང་གསེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་གདམས་ངག་ཟབ་མོ་དང་། སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་ལོ་རྒྱུས། མདོ་སྔགས་སོགས་ཀྱི་དཔེ་རྒྱུན་ཆེས་དཀོན་པའི་རིགས་རྣམས་འཚོལ་སྡུད་དཔེ་བསྡུར་ཞུས་ཏེ་སྤར་སྐྲུན་བྱེད་རྒྱུ་དང་། མ་ཟད་དེ་དག་གི་དབང་ཁྲིད་མན་ངག་ལུང་རྒྱུན་དག་གང་ལ་ལྡན་པའི་མཚན་ལྡན་གྱི་བླ་མ་དམ་པ་དག་གདན་ཞུས་ཀྱིས་དབང་རྒྱུན། ཁྲིད་རྒྱུན། མན་ངག་གི་རྒྱུན། ལུང་གི་རྒྱུན་བཅས་དར་སྤེལ་བྱེད་རྒྱུ་དེ་ཡིན། ཞོར་དུ་ལོ་རེའི་དུས་དེབ་( པུཎྜ་རི་ཀ) ཞེས་པ་དེ་སློབ་ཕྲུག་ཡོངས་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་། རྩོམ་པའི་གྲོས་སོགས་ཡར་རྒྱས་སུ་འགྲོ་བའི་ཐབས་སུ་པར་སྐྲུན་བྱེད་རྒྱུ་བཅས་སོ། །  
རྩོམ་སྒྲིག་པ་རྣམ་པས་ཕྱག་ལས་གནང་བཞིན་པ།
རྩོམ་སྒྲིག་པ་རྣམ་པས་ཕྱག་ལས་གནང་བཞིན་པ།

འདི་ག་རྩོམ་སྒྲིག་ཁང་ནས་པར་སྐྲུན་ཞུས་པའི་དཔེ་དེབ་ཁག་དང་ལོ་རེའི་པུཎྜ་རི་ཀའི་དུས་དེབ་ཁག

དེབ་ཕྲེང་དང་པོ།

༸རྒྱལ་བ་མདོ་ཁམས་པ་ཆེན་པོ་གྲུབ་དབང་ཀརྨ་བསྟན་འཕེལ་གྱི་རྣམ་ཐར་གྲུབ་པའི་རོལ་རྩེད་ཅེས་བྱ་བ་བཞུགས་སོ། །
དེབ་ཕྲེང་གཉིས་པ། ༸རྒྱལ་བ་མདོ་ཁམས་གསུམ་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་སྐྱེས་རབས་རྣམ་ཐར་འདོད་འཇོའོ་ནོར་ཕྲེང་ཞེས་བྱ་བཞུགས་སོ། །
དེབ་ཕྲེང་གསུམ་པ། བཀའ་བརྒྱུད་རིན་པོ་ཆེའི་ཆོས་འབྱུང་མདོར་བསྡུས།
དེབ་ཕྲེང་བཞི་པ། རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་རྣམ་ཐར།
དེབ་ཕྲེང་ལྔ་པ། བསྟན་པའི་ཉི་མའི་ཕྱི་ནང་གསང་གསུམ་གྱི་་རྣམ་ཐར་དགོས་འབྱུང་རིན་ཆེན་ཞེས་བྱ་བ་བཞུགས་སོ། །
དེབ་ཕྲེང་དྲུག་པ། ཡོངས་འཛིན་འཇམ་དཔལ་དཔའ་བོའི་ཕྱག་ཆེན་སྔོན་དངོས།
དེབ་ཕྲེང་བདུན་པ། མཁས་དབང་སངས་རྒྱས་རྡོ་རྗེའི་གསུང་སྔོན་འགྲོའི་སྐོར།
དེབ་ཕྲེང་བརྒྱད་པ། དེབ་ཕྲེང་ཤེར་ཕྱིན་ལུང་གི་སྙེ་མ། སྟོད་ཆ། སྨད་ཆ།
དེབ་ཕྲེང་དགུ་པ། ལྟ་བ་ངན་སེལ་དང་ཕར་ཕྱིན་མཚན་ཉིད་ཕྱོགས་བསྒྲིགས།
༡༠ སྒྲུབ་པའི་ཞལ་བསྒོས་དང་ཞལ་གདམས་སྐོར།
༡༡ རྒྱུད་སྡེ་སྤྱིའི་རྣམ་གཞག་མཁས་པའི་ཡིད་འཕྲོག
༡༢ དེབ་ཕྲེང་བཅུ་པ། གཞུང་ཆེན་ལྔ་ཡི་རྩ་བ་ཕྱོགས་བསྒྲིགས།
༡༣ དེབ་ཕྲེང་བཅུ་གཅིག་པ། །སོ་སོ་ཐར་པའི་སྡོམ་པ་འབོག་པའི་ཆོ་ག་བསྟན་པའི་སྙིང་པོ་བཞུགས་སོ།།
༡༤   དེབ་ཕྲེང་བཅུ་གཉིས་པ། སྒམ་པོ་པ་ཟླ་འོད་གཞོན་ནུས་མཛད་པའི་ཚོགས་ཆོས་ལེགས་མཛེས་མ་བཞུགས་སོ།།
༡༥ དེབ་ཕྲེང་བཅུ་གསུམ་པ། འགྲོ་བའི་མགོན་པོ་དཔལ་ལྡན་ཕག་མོ་གྲུ་པའི་ཚོགས་ཆོས་མུན་པ་ཐམས་ཅད་སེལ་བར་བྱེད་པ་བཻཌཱུརྱ་འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་བཞུགས་སོ།།
༡༦ དེབ་ཕྲེང་བཅུ་བཞི་པ། ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་གཞུང་འགྲེལ་རྡོ་རྗེ་འཆང་གི་དགོངས་པ་གསལ་བ་ཞེས་བྱ་བ་བཞུགས་སོ།།
༡༧ རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་རོལ་མཚོ།
པུཎྜ་རི་ཀ འདོན་ཐེངས་དང་པོ།
པུཎྜ་རི་ཀ འདོན་ཐེངས་གཉིས་པ།
པུཎྜ་རི་ཀ འདོན་ཐེངས་གསུམ་པ།
པུཎྜ་རི་ཀ འདོན་ཐེངས་བཞི་པ།
     

Recent Posts

འདི་ལོའི་བཤད་གྲྭའི་ཞབས་རིམ།

༧ དཔལ་རྒྱལ་བ་མདོ་ཁམས་པ་དགུ་པ་༸ ངེས་དོན་བཤད་སྒྲུབ་ཉི་མ་མཆོག་ལ། སྔར་རྒྱུན་བཞིན་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གི་འདི་ལོར་ཞབས་རིམ་དགོངས་བརྟགས་ཞུས་འབྲས། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་གསུམ་དག་སྒྲོག་དང་། བཟང་སྤྱོད་སྨོན་ལམ། ཞེ་ཆེན་རྒྱལ་ཚབ་ཀྱིས་མཛད་པའི་བཀྲ་ཤིས་ཆོས་མཆོག །བར་བསམ་སྒྲོལ་གསུམ། ལྷ་སྨན་རྒྱལ་མོའི་འཕྲིན་བཅོལ་བཅས་དགོས་པ་ཕེབས་དགོངས་ལྟར། འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གི་ལོ་སྔོན་མའི་གུང་སེང་གི་དུས་ཡུན་རྫོགས་ཏེ་མཁན་སློབ་འདུས་མང་ཡོངས་སློབ་གླིང་དུ་ཚང་འཛོམས་བྱུང་བ་དང་བསྟུན། དེ་རིང་ནས་བཟུང་ཉིན་གྲངས་གསུམ་གྱི་རིང་བཤད་གྲྭའི་ཞབས་རིམ་དང་། ༧དཔལ་རྒྱལ་བ་མདོ་ཁམས་པ་ཆེན་པོ་གཙོས་པའི་བསྟན་འཛིན་གྱི་སྐྱེ་བུ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ། ནད་མུག་མཚོན་འཁྲུགས་སོགས་དུས་ཀྱི་རྒུད་པ་མཐའ་དག་རང་སར་ཞི་བའི་ཆེད་དུ། འདུས་མང་ཡོངས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ་ལགས་སོ། །༢༣/༣/༢༠༢༢/  

མུ་མཐུད་ཀློགས།

བོད་རྒྱལ་ལོ་ ༢༡༤༨ ལོའི་བོད་ཟླ་ ༦ པའི་ཚེས་༡༡ དང་། སྤྱི་ལོ་2021སྤྱི་ཟླ་ 07 སྤྱི་ཚེས་20 ཉིན་འདི་ག་འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གི་ལོ་ཕྱེད་ཡིག་རྒྱུགས་ལ་ཁེལ་བས། འཛིན་གྲྭ་ཁག་གི་ཟུར་སྦྱོང་ཐུན་མོང་རིག་གནས་དང་། དབྱིན་ཡིག་གི་རྒྱུགས་སྤྲོད་ཉེ་སྔོན་གྲུབ་ནས། དེ་རིང་དངོས་གཞི་གཞུང་ཆེན་སོ་སོའི་ལོ་ཕྱེད་རྒྱུགས་སྤྲོད་གནང་ཡོད། ལོ་འདི་ལ་ཡང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་རྒྱ་གར་དབུས་དང་། ས་གནས་མངའ་སྡེ་གཞུང་གིས་ནད་ཡམས་སྔོན་འགོག་ཆེད་དུ་ཁྱིམ་སྡོད་བཀའ་རྒྱ་སོགས་རིམ་པར་བྱུང་ཡང་། འདི་ག་སློབ་གླིང་གི་བསླབ་པ་སློབ་གཉེར་མཐུས་ཤོར་མེད་པར། ཕྱི་ནང་རྒྱུ་འགྲུལ་ཉུང་ལྷིང་འཇགས་ངང་རྩ་བའི་འཛིན་གྲྭ་བཅུ་གཉིས་དང་། སློབ་ཐོན་པ་དང་དགེ་རྒན་རྣམ་པས་སྔགས་ཕྱོགས་འཆད་ཉན་བཅས་གང་འཚམས་ཚགས་ཚུད་མཛད་ཡོད། འདི་ལོར་འཛིན་གྲྭ་དང་པོ་བསྡུས་གྲྭ་དང་། གཉིས་པ་བློ་རྟགས། …

མུ་མཐུད་ཀློགས།

ཕྱི་ལོ་༢༠༢༡ ཟླ་༦ ཚེས་༢༨ ཉིན་དབུ་བཟུང་སྟེ་བདུན་ཕྲ་གཉིས་ལྷག་ཙམ་གྱི་རིང་། འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རས་གོ་སྒྲིག་འོག་ལོ་ཕྱེད་རྒྱུགས་སྤྲོད་ཀྱི་རང་སྦྱོང་དུས་ཚོད་དང་བསྟུན། མཁན་པོ་བསྟན་འཛིན་སྟོབས་རྒྱལ་མཆོག་གིས་འདི་ག་གཙུག་ལག་སློབ་གཉེར་ཁང་དུ། དཔལ་བཞད་པ་རྡོ་རྗེ་ཉིད་བསམ་བཞིན་དུ་སླར་ཡང་གངས་རིའི་ཁྲོད་དུ་སྒྲུབ་བསྟན་སྤེལ་ཕྱིར་བྱོན་པ་དཔལ་རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་བཀའ་འབུམ་ཆ་ཚང་དང་། འདུལ་བ་རྒྱ་མཚོའི་མངའ་བདག་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོའི་འདུལ་ཊིཀ་མཚོ་ཆེན་བཅས་ཀྱི་ལྗགས་ལུང་གནང་ཡོད། འོན་ཀྱང་ཏོག་དབྱིབས་ནད་ཡམས་ཀྱིས་སྤྱི་སྒེར་ཚང་མར་དཀའ་ངལ་རབས་དང་རིམ་པ་ཞིག་བཟོ་བཞིན་ཡོད་པ་བཞིན། ད་དུང་ཉེན་ཁ་ཡོད་མུས་སུ་སོང་བས་ནད་ཡམས་སྔོན་འགོག་དང་འབྲེལ་ནས། ད་ཐེངས་ཀྱི་ལྗགས་ལུང་འདི་ཉིད་བཤད་གྲྭའི་ལྕགས་རི་ནང་དུ་བཞུགས་པའི་དགེ་སློབ་རྣམས་ཁ་གཙང་གི་ཆེད་དུ་གོ་སྒྲིག་ཞུས་པ་ཞིག་ཆགས་ཡོད།། ༢༠༢༡།༧།༡༣།

མུ་མཐུད་ཀློགས།
Show Buttons
Hide Buttons