གཙོ་ངོས། / ཤེས་ཡོན།

ཤེས་ཡོན།

ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་ཤེས་ཡོན་དང་འབྲེལ་བའི་ལོ་རྒྱུས་སྙིང་བསྡུས་དང་ཤེས་ཡོན་ཚན་པའི་འཕེལ་རིམ། 

 དེ་ཡང་སྤྱི་ལོ་༡༩༥༨ ལོར་བོད་དུ་དུས་འགྱུར་བྱུང་བར་བརྟེན་༸རྒྱལ་བ་མདོ་ཁམས་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མ་ཡབ་སྲས་སྐུ་འཁོར་བརྒྱ་སྐོར་གཅིག་རྒྱ་གར་དུ་སྐྱབས་བཅོལ་ཕེབས་དགོས་བྱུང་། ཐོག་མར་ཀ་ལིམ་པོང་དང་དེ་ནས་ཌལ་ཧའུ་སེ། ཕྱིས་སུ་བཀྲ་ཤིས་ལྗོངས་བཅས་ལ་གཞིས་ཆགས། སྐབས་དེ་དག་ཏུའང་མཐུན་རྐྱེན་ཡོད་མེད་ལ་མ་ལྟོས་པར་དཀའ་བ་ཁྱད་སྤྱད་ཀྱིས་རྙིང་མའི་མཁན་པོ་ཐུབ་བསྟན་དང་། བཀའ་བརྒྱུད་ཀྱི་མཁན་པོ་ཆོས་དར། ས་སྐྱའི་མཁན་པོ་རིན་ཆེན། མཁན་པོ་མཁས་གྲུབ་རྣམས་རིམ་པས་ཆེད་དུ་གདན་ཞུས་ཀྱིས་སྐུ་ན་གཞོན་པའི་སྤྲུལ་སྐུ་རྣམ་པ་དང་བློ་གསར་གྲྭ་གཞོན་སྐོར་ཞིག་ལ་གཞུང་ཆེན་ཁག་གི་དཔེ་ཁྲིད་གནང་ཐུབ་པ་བྱུང་ཡོད་ཅིང་། ༸སྐྱབས་རྗེ་རིན་པོ་ཆེ་ཞི་བར་གཤེགས་པའི་རྗེས་སུ་ཡང་། རྗེ་ཉིད་ནས་རང་དགོན་གྱི་གྲྭ་བློ་གསལ་བཟང་པོ་ལགས་དེ་སྔོན་གོང་སྨྲས་རིས་མེད་ཀྱི་མཁན་པོ་རྣམ་པའི་མདུན་ནས་ཡུན་རིང་གཞུང་ཆེན་ཁག་ལ་གསན་བསམ་གནང་མུས་ཡིན་སྟབས། མ་འོངས་པར་དཔེ་ཁྲིད་ཀྱི་འགན་འཁུར་གནང་དགོས་ཚུལ་བཀའ་སློབ་ཕེབས་པ་ལྟར། ཕྱིས་སུ་༸སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་མཆོག་ནས་མཁན་ཁྲིར་མངའ་གསོལ་མཛད། རང་དགོན་གྱི་སྤྲུལ་སྐུ་ཁག་གཅིག་དང་སློབ་གཉེར་བ་བཞི་བཅུ་ཡས་མས་ལ་སྔར་ཕྱིར་སྐབས་དང་དུས་སུ་དཔེ་ཁྲིད་ཡུན་རིང་གནང་ཞིང་། མཁན་པོ་ཁོང་གིས་སྐྱེད་སྲིང་གནང་པའི་ཞལ་སློབ་མང་དག་ཅིག་ད་ལྟའི་ཆར་འབྲུག་ཡུལ་མཚོན་ཧི་མ་ལ་ཡའི་དགོན་སྡེ་ཁག་ཏུ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད། ཕྱིས་སུ་འཇམ་དབྱངས་མཁྱེན་བརྩེ་ཡེ་ཤེས་རིན་པོ་ཆེ་མཆོག་གིས་གདན་ས་འདིར་བཤད་གྲྭ་གསར་བཞེང་ལེགས་གྲུབ་བྱུང་བར་བརྟེན།

ཕྱི་ལོ་༢༠༠༣ ལོར་སློབ་གཉེར་བ་ཉི་ཤུ་ལྷག་ཙམ་དེར་གནས་སྤོས་ཀྱིས་ཐོག་མར་དཔེ་རྙིང་དགོན་གྱི་མཁན་པོ་ལྷ་དབང་རྡོ་རྗེ་མཆོག་ནས་རིགས་ལམ་དཔེ་ཁྲིད་གནང་། དེའི་རྗེས་མཁན་པོ་བློ་གསལ་བཟང་པོ་ནས་སྤྱོད་འཇུག །འཕགས་ཡུལ་རྫོང་སར་ནས་མཁན་པོ་འཇམ་དབྱངས་མཁྱེན་བརྩེ་གདན་ཞུས་ཀྱིས་ཚད་མ་རིགས་གཏེར་དཔེ་ཁྲིད་དང་། སྤྲུལ་སྐུ་སྤོབས་པ་རབ་འབྱམས་ནས་སྐྱོར་དཔོན་གནང་། སློབ་གཉེར་བ་བཀྲ་ཤིས་རྒྱལ་མཚན་ནས་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས།

 ཕྱི་ལོ་༢༠༠༤ ལོར་མཁན་པོ་བློ་གསལ་བཟང་པོ་དང་འཕགས་ཡུལ་རྫོང་སར་ནས་གདན་ཞུས་མཁན་པོ་འཕྲིན་རྣམ་རྒྱལ་རྣམ་གཉིས་དང་ལྷན། གཞིས་དགོན་ནས་ཕེབས་པའི་རྒན་ཆོས་དབྱིངས་ལྷུན་འགྲུབ། རྒྱ་གར་ལྷོ་ཕྱོགས་ནས་ཕེབས་པའི་རྒན་བྱམས་པ་ཡོན་ཏན་དང་རྒན་ངག་དབང་བཟང་པོ་བཅས་ནས་ཕྱག་རོགས་དང་འབྲེལ་དཔེ་ཁྲིད་མཛད། སློབ་གཉེར་བ་བཀྲ་ཤིས་རྒྱལ་མཚན་ནས་མུ་མཐུད་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས།

ཕྱི་ལོ་༢༠༠༥ ལོར་མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་དང། རྒན་བྱམས་པ་ཡོན་ཏན། རྒན་ངག་དབང་བཟང་པོ་བཅས་ནས་དཔེ་ཁྲིད་གནང་བ་དང་། སློབ་གཉེར་བ་བཀྲ་ཤིས་རྒྱལ་མཚན་ནས་མུ་མཐུད་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས། ལོ་དེའི་མཇུག་ཏུ་རྒན་ཆོས་དབྱིངས་ལྷུན་འགྲུབ་མཆོག་ནས་བགྲང་བྱ་དུ་མའི་རིང་རིས་མེད་ཆོས་སྡེ་ཁག་ལ་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་རྒྱ་ཆེར་མཛད་པ་སོགས་ཀྱི་ཉེར་ལེན་ལ་བརྟེན་ནས། ༸རྒྱལ་བ་མདོ་ཁམས་པ་རིན་པོ་ཆེ་མཆོག་ནས་མཁན་པོར་མངའ་གསོལ་མཛད།

ཕྱི་ལོ་༢༠༠༦ ལོར་མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་དང་། རྒན་བྱམས་པ་ཡོན་ཏན། རྒན་ངག་དབང་བཟང་པོ་བཅས་ནས་མུ་མཐུད་ནས་དཔེ་ཁྲིད་མཛད་པ་དང་། སློབ་གཉེར་བ་ལྷུན་གྲུབ་དཔལ་ལྡན་ཆོས་ཁྲིམས་སུ་བསྐོས།

ཕྱི་ལོ་༢༠༠༧ ལོར་བཤད་གྲྭར་སློབ་གཉེར་བ་ཇེ་མང་དུ་ཕྱིན་པ་ལ་བརྟེན། རྒྱ་གར་ལྷོ་ཕྱོགས་སེ་ར་བྱེས་ནས་རྒན་ཡོན་ཏན་གདན་ཞུས་བྱས་པ་དང་། མཁན་པོ་ཆོས་དབྱིངས་ལྷུན་འགྲུབ། རྒན་བྱམས་པ་ཡོན་ཏན་བཅས་ནས་དཔེ་ཁྲིད་གནང་། སློབ་གཉེར་བ་ཡེ་ཤེས་ཕུན་ཚོགས་ནས་ཆོས་ཁྲིམས་གནང་།

 ལོ་༢༠༠༨ ལོར་རྒྱ་གར་ལྷོ་ཕྱོགས་སེ་ར་བྱེས་ནས་དགེ་བཤེས་རྒྱལ་མཚན་ཕན་བདེ་ལགས་དཔེ་ཁྲིད་རྒན་དུ་གདན་འདྲེན་ཞུས་པ་དང་། མཁན་ཆོས་དབྱིངས་ལྷུན་འགྲུབ། རྒན་བྱམས་པ་ཡོན་ཏན་བཅས་ནས་སློབ་ཁྲིད་གནང་། སློབ་གཉེར་བ་རིན་ཆེན་དབང་ཕྱུག་ཆོས་ཁྲིམས་སུ་བསྐོས།མཁན་པོ་ རྒན་ངག་དབང་བཟང་པོ་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དུ་དཔེ་ཁྲིད་རྒན་དུ་མངག་གཏོང་བྱས། ལོ་དེར་ཧི་མ་ལའི་རི་རྒྱུད་ཁག་ནས་ལོ་ན་ཆུང་བའི་སློབ་ཕྲུག་བཞི་བཅུ་ལྷག་གསར་དུ་འབྱོར་བས་དེ་དག་གི་ཆེད་འཛིན་གྲྭ་ལོགས་སུ་བཙུགས་པ་དང་། བཤད་གྲྭའི་གྲྭ་རྒན་པ་ལེགས་བཤད་འབྱོར་ལྡན་དགེ་རྒན་དུ་བསྐོས།

 ཕྱི་ལོ་༢༠༠༩ ལོར་དགེ་བཤེས་རྒྱལ་མཚན་ཕན་བདེ་དངམཁན་པོ་ཆོས་དབྱིངས་ལྷུན་འགྲུབ། རྒན་བྱམས་པ་ཡོན་ཏན་བཅས་ནས་མུ་མཐུད་དཔེ་ཁྲིད་གནང་བ་དང་། སློབ་གཉེར་བ་ངག་དབང་བློ་གསལ་ཆོས་ཁྲིམས་སུ་བསྐོ་གཞག་བྱས།  ལོ་དེར་རྒན་བྱམས་པ་ཡོན་ཏན་དང་རྒན་ངག་དབང་བཟང་པོ་གཉིས་ནས་ཡུན་རིང་རིས་མེད་ཆོས་སྡེ་ཁག་ཏུ་གསན་བསམ་རྒྱ་ཆེར་མཛད་པ་མ་ཟད། མཐོ་སློབ་འདིའི་ནང་བགྲང་བྱ་དུ་མའི་རིང་དཔེ་ཁྲིད་གནང་བ་སོགས་ལ་བརྟེན་༸རྒྱལ་བ་མདོ་ཁམས་པ་རིན་པོ་ཆེ་མཆོག་ནས་ཁོང་རྣམ་གཉིས་མཁན་པོར་མངའ་གསོལ་མཛད། གཞན་ཡང་ལོ་དེར་སློབ་གཉེར་བ་ཚུལ་ཁྲིམས་རྣམ་རྒྱལ་དང། བསྟན་འཛིན་སྟོབས་རྒྱལ། ངག་དབང་བློ་གསལ་གསུམ་སྐྱོར་དཔོན་བསྐོ་གཞག་བྱས་པ་དང་།  སློབ་གཉེར་བ་བསྟན་འཛིན་སྟོབས་རྒྱལ།  ངག་དབང་བློ་གསལ། འཇིགས་མེད་བློ་གྲོས། རིན་ཆེན་དབང་ཕྱུག  །བཀྲ་ཤིས་རྒྱལ་མཚན། བསོད་ནམས་དབང་རྒྱལ། ཚུལ་ཁྲིམས་རྣམ་རྒྱལ། བསྟན་འཛིན་བྱམས་པ།  བློ་གྲོས་རྒྱལ་མཚན།  ཚུལ་ཁྲིམས་རྣམ་དག  །ཚེ་དབང་བདེ་ཆེན།   ངག་དབང་རྒྱལ་མཚན། ཚུལ་ཁྲིམས་བཟང་པོ།  ཡེ་ཤེས་ཕུན་ཚོགས། གར་དབང་ཕྲིན་ལས། ལེགས་བཤད་འབྱོར་ལྡན། སངས་རྒྱས་འཕྲིན་ལས་བཅས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་གནང་།

ཕྱི་ལོ་༢༠༡༠ ལོར་མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་དང་མཁན་པོ་བྱམས་པ་ཡོན་ཏན། དགེ་བཤེས་རྒྱལ་མཚན་ཕན་བདེ་བཅས་ནས་སློབ་ཁྲིད་ཀྱི་ཐུགས་འགན་མུ་མཐུད་བཞེས། སློབ་གཉེར་བ་བསོད་ནམས་གྲགས་པ་ཆོས་ཁྲིམས་སུ་བསྐོས། ལོ་དེར་སྐྱོར་དཔོན་ཚུལ་ཁྲིམས་རྣམ་རྒྱལ་ལགས་ལ་མཁན་པོའི་མཚན་གནས་གནང་སྟེ་ཁམས་ནང་ཆེན་འཁྲུལ་ཞིག་དགོན་གྱིས་མཁན་པོར་གདན་ཞུས་བྱས། སློབ་གཉེར་བ་རིན་ཆེན་དབང་ཕྱུག་དང་། བསོད་ནམས་དབང་རྒྱལ་གཉིས་སྐྱོར་དཔོན་དུ་བསྐོ་གཞག་དང་། ཚུལ་ཁྲིམས་བསྟན་འཛིན། ཚེ་དབང་ལྷུན་གྲུབ། སྤྲུལ་སྐུ་ངེས་དོན་བསྟན་འཛིན། སྟོབས་བཅུ་ཕྲིན་ལས།  བསྟན་འཛིན་ཆོས་རྒྱལ།  ཨོ་རྒྱན་རྡོ་རྗེ། བསོད་ནམས་གྲགས་པ།  བཀྲ་ཤིས་ཚེ་རིང་བཅས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་ཕུལ།

ཕྱི་ལོ་༢༠༡༡ ལོར་མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་དང་མཁན་པོ་བྱམས་པ་ཡོན་ཏན། མཁན་པོ་འཕྲིན་ལས་བཟང་པོ། སློབ་དཔོན་བསྟན་འཛིན་སྟོབས་རྒྱལ་བཅས་ནས་དཔེ་ཁྲིད་གནང་། སློབ་གཉེར་བ་བློ་གྲོས་རྒྱ་མཚོ་ཆོས་ཁྲིམས་སུ་བསྐོས། ལོ་དེར་སྐྱོར་དཔོན་བསྟན་འཛིན་སྟོབས་རྒྱལ་དང། སྐྱོར་དཔོན་ངག་དབང་བློ་གསལ། སློབ་གཉེར་བ་བློ་གྲོས་རྒྱ་མཚོ། འཇིགས་མེད་བློ་གྲོས། ཡེ་ཤེས་ཕུན་ཚོགས། ལེགས་བཤད་འབྱོར་ལྡན། ཚུལ་ཁྲིམས་བཟང་པོ། གར་དབང་ཕྲིན་ལས་རྣམས་ལ་སློབ་ཐོན་པའི་ཕྱག་ཁྱེར་གནང་། སློབ་གཉེར་བ་བཀྲ་ཤིས་རྒྱལ་མཚན་དང་། བློ་གྲོས་རྒྱ་མཚོ་རྣམ་གཉིས་སྐྱོར་དཔོན་བསྐོས། སྐལ་བཟང་ཟླ་བ། བསོད་ནམས་སྟོབས་རྒྱལ། མཆོད་རྟེན་འཇིགས་རྒྱལ། འཇིགས་མེད་ཚེ་རིང་། བསམ་གཏན་ལྷུན་གྲུབ། ཉི་མ་རྡོ་རྗེ། ལ་དྭགས་འཇིགས་མེད་ཚེ་རིང་། བསོད་ནམས་བསྟན་འཛིན་བཅས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་ཕུལ།

 ཕྱི་ལོ་༢༠༡༢ ལོར་མཁན་པོ་ཆོས་དབྱིངས་ལྷུན་གྲུབ་ནས་སློབ་སྟོན་དང་སློབ་ཁྲིད། སྒྲིག་གཞི་སོགས་ལ་གཟིགས་རྟོག་གནང་ཞིང་། མཁན་པོ་འཕྲིན་ལས་བཟང་པོ་དང་སློབ་དཔོན་བསྟན་འཛིན་སྟོབས་རྒྱལ་བཅས་ནས་མུ་མཐུད་དཔེ་ཁྲིད་དང་། སློབ་ཐོན་པ་བསྟན་འཛིན་བྱམས་པ་ཆོས་ཁྲིམས་སུ་བསྐོ་གཞག་མཛད། སློབ་དཔོན་ངག་དབང་བློ་གསལ་ལགས་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དུ་དཔེ་ཁྲིད་རྒན་དུ་མངག་གཏོང་བྱས། སློབ་གཉེར་བ་བཀྲ་ཤིས་རྒྱལ་མཚན་དང་། བསྟན་འཛིན་བྱམས་པ།  སངས་རྒྱས་འཕྲིན་ལས་བཅས་ལ་སློབ་ཐོན་པའི་ཕྱག་ཁྱེར་བསྩལ། སློབ་གཉེར་བ་བསྟན་འཛིན་བྱམས་པ། ངག་དབང་རྒྱལ་མཚན།  ཚུལ་ཁྲིམས་རྣམ་དག་བཅས་སྐྱོར་དཔོན་བསྐོས། སློབ་གཉེར་བ་ཚེ་རིང་དཔལ་འབྱོར། དོན་བརྒྱུད་རྒྱལ་མཚན། ཆོས་འཕེལ་རྒྱ་མཚོ། ཤེས་རབ་རྒྱལ་མཚན། ནུབ་དགོན་ཆོས་རྒྱལ། སངས་རྒྱས་རྡོ་རྗེ། རིན་ཆེན་ཕུན་ཚོགས།  བསོད་ནམས་ཕུན་ཚོགས། བསོད་ནམས་གླིང་རྒྱས། ཉི་མ་ཚེ་རིང་། སྐལ་བཟང་ལྷུན་གྲུབ་བཅས་ཀྱིས་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་བཞེས།  སློབ་ཐོན་པ་ཡེ་ཤེས་ཕུན་ཚོགས་དང་ཚུལ་ཁྲིམས་བཟང་པོ་གཉིས་བཤད་གྲྭའི་གཞི་རིམ་སློབ་གྲྭའི་དགེ་རྒན་དུ་བསྐོ་གཞག་བྱས།

 ཕྱི་ལོ་ ༢༠༡༣ ལོར་མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་གིས་སློན་སྟོན་གནང་ཐོག །མཁན་པོ་འཕྲིན་ལས་བཟང་པོ་དང་། སློབ་དཔོན་བསྟན་འཛིན་སྟོབས་རྒྱལ། བསོད་ནམས་དབང་རྒྱལ་བཅས་ནས་དཔེ་ཁྲིད་གནང་བ་དང་། སློབ་ཐོན་པ་ཚེ་དབང་བདེ་ཆེན་ཆོས་ཁྲིམས་སུ་བསྐོས། སློབ་གཉེར་བ་ཚུལ་ཁྲིམས་རྣམ་དག་དང་། བསོད་ནམས་དབང་རྒྱལ། ཚེ་དབང་བདེ་ཆེན། ངག་དབང་རྒྱལ་མཚན་བཅས་ལ་བསླབ་པ་མཐར་ཕྱིན་གྱི་ཕྱག་ཁྱེར་བསྩལ་བ་དང་། སློབ་ཐོན་པ་བློ་གྲོས་རྒྱ་མཚོ་ལགས་གྲྭ་ཚང་གི་གཞི་རིམ་སློབ་གྲྭའི་དགེ་རྒན་དུ་བསྐོས་པ་དང་། ཚུལ་ཁྲིམས་བཟང་པོ་དང་ཡེ་ཤེས་ཕུན་ཚོགས་གཉིས་ཀྱི་ཕྱག་རོགས་སུ་སངས་རྒྱས་འཕྲིན་ལས་སློབ་གྲྭའི་དགེ་རྒན་གནང་བ་དང་།  ལོ་དེའི་མཇུག་ཏུ་སློབ་ཐོན་པ་བསྟན་འཛིན་བྱམས་པ་ལགས་ཀྱིས་བྱང་ཆུབ་ལྗོངས་རྡོ་རྫོང་དགོན་དུ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་པའི་ཕྱག་ལས་གནང་།

  ཕྱི་ལོ ༢༠༡༤ ལོར་མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་གི་སློབ་སྟོན་འོག་སློབ་དཔོན་བསྟན་འཛིན་སྟོབས་རྒྱལ་དང་སློབ་དཔོན་བསོད་ནམས་དབང་རྒྱལ། སློན་དཔོན་ཚེ་དབང་བདེ་ཆེན་བཅས་ནས་དཔེ་ཁྲིད་གནང་བ་དང་། ཚེ་དབང་ལྷུན་གྲུབ་ཆོས་ཁྲིམས་སུ་བསྐོས། ལོ་དེར་ཚེ་དབང་ལྷུན་གྲུབ་དང་། ཨོ་རྒྱན་རྡོ་རྗེ། བསོད་ནམས་གྲགས་པ། བཀྲ་ཤིས་བཅས་ལ་སློབ་ཐོན་པའི་ཕྱག་ཁྱེར་གནང་བ་དང། ཉི་མ་རྒྱལ་མཚན། སངས་རྒྱས་བསྟན་འཛིན། དྲི་མེད་ཤེས་རབ། རྣམ་རྒྱལ་རྡོ་རྗེ། ཚེ་རིང་རྡོ་རྗེ། སྤྲུལ་སྐུ་ངག་དབང་དགེ་ལེགས། དགེ་ལེགས་ཕུན་ཚོགས། བཤད་སྒྲུབ་བསྟན་འཛིན། བློ་གྲོས་འོད་ཟེར་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་གནང་། སློབ་ཐོན་པ་བཀྲ་ཤིས་རྒྱལ་མཚན་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དུ་དཔེ་ཁྲིད་ཀྱི་དགེ་རྒན་དུ་བཏང་། སློབ་ཐོན་པ་ངག་དབང་རྒྱལ་མཚན་དང་ཚུལ་ཁྲིམས་རྣམ་དག་གཉིས་ཕག་མོ་སྒྲུབ་ཁང་དུ་སྐུ་མཚམས་སུ་ཕེབས། ཚུལ་ཁྲིམས་བཟང་པོའི་ཕྱག་རོགས་སུ་སློབ་ཐོན་པ་བསྟན་འཛིན་ཆོས་རྒྱལ་ལགས་གཞི་རིམ་སློབ་གྲྭའི་དགེ་རྒན་དུ་བསྐོས།

ཕྱི་ལོ་ ༢༠༡༥ ལོར་མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་གིས་སློབ་སྟོན་འོག །མཁན་པོ་བསྟན་འཛིན་སྟོབས་རྒྱལ་དང་། སློབ་དཔོན་ཚེ་དབང་བདེ་ཆེན། སློབ་དཔོན་བསོད་ནམས་དབང་རྒྱལ་བཅས་ཀྱིས་དཔེ་ཁྲིད་གནང་། སློབ་ཐོན་པ་ཚེ་དབང་ལྷུན་གྲུབ་དང་ཉི་མ་རྡོ་རྗེ་གཉིས་ཆོས་ཁྲིམས་སུ་བསྐོ་གཞག་མཛད། ལོ་དེར་༸རྒྱལ་བ་མདོ་ཁམས་པ་རིན་པོ་ཆེ་མཆོག་ནས་སློབ་དཔོན་བསྟན་འཛིན་སྟོབས་རྒྱལ་དང་སློབ་དཔོན་བཀྲ་ཤིས་རྒྱལ་མཚན་རྣམ་གཉིས་མཁན་ཁྲིར་མངའ་གསོལ་མཛད། སྐལ་བཟང་ཟླ་བ། བསོད་ནམས་སྟོབས་རྒྱལ། མཆོད་རྟེན་འཇིགས་རྒྱལ། འཇིགས་མེད་ཚེ་རིང་། བསམ་གཏན་ལྷུན་གྲུབ།  ཉི་མ་རྡོ་རྗེ་བཅས་སློབ་མཐར་ཕྱིན། སློབ་ཐོན་པ་བསོད་ནམས་གྲགས་པ་ལགས་འབྲུག་ཕུན་ཚོགས་གླིང་བཤད་གྲྭས་དཔེ་ཁྲིད་དགེ་རྒན་དུ་གདན་ཞུས་བྱས། རྒན་ལེགས་བཤད་འབྱོར་ལྡན་ལགས་ཕག་མོ་སྒྲུབ་སྡེར་སྐུ་མཚམས་སུ་ཞུགས།

ཕྱི་ལོ་༢༠༠༡༦ ལོར་མཁན་པོ་ཆོས་དབྱིན་ལྷུན་འགྲུབ་མཆོག་གི་སློབ་སྟོན་འོག །མཁན་པོ་བསྟན་འཛིན་སྟོབས་རྒྱལ་དང་སློབ་དཔོན་ཚེ་དབང་བདེ་ཆེན། སློབ་དཔོན་ཚེ་དབང་ལྷུན་གྲུབ། སྐལ་བཟང་ཟླ་བ་བཅས་ནས་སློབ་ཁྲིད་གནང་ཞིང་། སློབ་ཐོན་པ་བསམ་གཏན་ལྷུན་གྲུབ་དང་ཤེས་རབ་རྒྱལ་མཚན་གཉིས་ཆོས་ཁྲིམས་སུ་བསྐོས། མཁན་པོ་བཀྲ་ཤིས་རྒྱལ་མཚན་མཆོག་ཁམས་གླིང་བསྟན་འཕེལ་དགོན་ནས། དེ་གའི་བཤད་གྲྭའི་མཁན་པོར་གདན་ཞུ་བྱས། སློབ་དཔོན་བསོད་ནམས་དབང་རྒྱལ་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དུ་དཔེ་ཁྲིད་རྒན་དུ་བཏང་། ཚུལ་ཁྲིམས་བཟང་པོའི་ཕྱག་རོགས་སུ་སློབ་ཐོན་པ་ཉི་མ་རྡོ་རྗེ་གཞི་རིམ་སློབ་གྲྭའི་དགེ་རྒན་དུ་བསྐོས་པ་དང་དགེན་ཀ་དག་སློབ་གྲྭའི་བརྡ་སྤྲོད་དགེ་རྒན་དུ་གདན་ཞུས་བྱས་ཤིང་བསྟན་འཛིན་ཆོས་རྒྱལ་ལགས་ཁྲོ་ཆུ་སྒྲུབ་སྡེར་སྐུ་མཚམས་སུ་ཕེབས། སློབ་དཔོན་སྐལ་བཟང་ཟླ་བ་དང་འཇིགས་མེད་ཚེ་རིང་གཉིས་འབྲུག་རིན་ཆེན་གླིང་བཤད་གྲྭས་དཔེ་ཁྲིད་དགེ་རྒན་དུ་གདན་ཞུས་བྱས། སློབ་དཔོན་བསོད་ནམས་སྟོབས་རྒྱལ་ལགས་འབྲུག་ཕུན་ཚོགས་གླིང་བཤད་གྲྭས་གདན་ཞུས་བྱས། སློབ་དཔོན་བསོད་ནམས་དབང་རྒྱལ་དང་སློབ་དཔོན་བློ་གྲོས་རྒྱ་མཚོ། སློབ་དཔོན་བསྟན་འཛིན་བྱམས་པ་བཅས་དབྱར་ཟླ་བ་གཉིས་ཀྱི་རིང་ཟངས་དཀར་ཕྱོགས་ཀྱི་དགོན་པ་ཁག་ཅིག་ལ་དགེ་རྒན་དུ་བཏང་བ་དང་། ༸ རྒྱལ་བ་མདོ་ཁམས་པ་རིན་པོ་ཆེ་མཆོག་ནས་སློབ་དཔོན་བསོད་ནམས་དབང་རྒྱལ་དང་ །སློབ་དཔོན་བསྟན་འཛིན་བྱམས་པ། སློབ་དཔོན་བློ་གྲོས་རྒྱ་མཚོ། སློབ་དཔོན་ཚེ་དབང་བདེ་ཆེན། སློབ་དཔོན་བསོད་ནམས་གྲགས་པ་བཅས་མཁན་ཁྲིར་མངའ་གསོལ་མཛད། བསོད་ནམས་འབྲུག་སྒྲ། ཐབས་ལམ་རྒྱལ་མཚོ། མི་ཕམ་བློ་གྲོས། ཚུལ་ཁྲིམས་རྒྱལ་མཚོ། འགྱུར་མེད་ཤེས་རབ།  བསྟན་འཛིན་རྒྱལ་མཚན།  མཁས་གྲུབ་དཔལ་ལྡན། འཇིགས་མེད་ངག་དབང་རྣམ་གྲོལ།  ལུང་རིག་རྒྱ་མཚོ། ངག་དབང་རྡོ་རྗེ། ངག་དབང་སངས་རྒྱས་རང་བྱུང་བཅས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་བསྩལ།

ཕྱི་ལོ་༢༠༠༡༧ ལོར་མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་གི་སློན་སྟོན་འོག །མཁན་པོ་བསྟན་འཛིན་སྟོབས་རྒྱལ་མཆོག་དང་མཁན་པོ་བསྟན་འཛིན་བྱམས་པ། མཁན་པོ་ཚེ་དབང་བདེ་ཆེན། སློབ་དཔོན་ཐུབ་བསྟན་དགེ་ལེགས། སློབ་དཔོན་ངག་དབང་ཆོས་བཟང་བཅས་ནས་དཔེ་ཁྲིད་གནང་། སློབ་ཐོན་པ་མཆོད་རྟེན་འཇིགས་རྒྱལ་དང་ཉི་མ་ཚེ་རིང་རྣམ་གཉིས་ཆོས་ཁྲིམས་སུ་བསྐོས། སློབ་དཔོན་བསམ་གཏན་ལྷུན་གྲུབ་སློབ་དགེ་རུ་བསྐོས་ཤིང་ཟངས་དཀར་ཕྱོགས་ཀྱི་དགོན་པ་ཁག་ལ་དབྱར་ཟླ་གསུམ་གྱི་རིང་དགེ་རྒན་དུ་བཏང་བ་དང་།  དགེན་ཀ་དག་གིས་སློབ་དགེ་གནང་བ་དང་། སློབ་གཉེར་བ་ཚེ་རིང་དཔལ་འབྱོར།  དོན་བརྒྱུད་རྒྱལ་མཚན།  ཆོས་འཕེལ་རྒྱ་མཚོ། ཤེས་རབ་རྒྱལ་མཚན། ནུབ་དགོན་ཆོས་རྒྱལ། རིན་ཆེན་ཕུན་ཚོགས།  བསོད་ནམས་ཕུན་ཚོགས། བསོད་ནམས་ལྷན་རྒྱས་རྣམས་སློབ་མཐར་ཕྱིན། ལ་དྭགས་བསོད་ནམས་ཤེས་རབ། ངག་དབང་གཡང་འཕེལ། ཁུ་ནུ་བསོད་ནམས་ཤེས་རབ། ཚུལ་ཁྲིམས་རྣམ་རྒྱལ། འབྲུག་པ་ཚེ་རིང་། དཀོན་མཆོག་རྒྱལ་མཚན་བཅས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་གནང་།

ཕྱི་ལོ་༢༠༠༡༨ ལོར་མཁན་པོ་བསྟན་འཛིན་སྟོབས་རྒྱལ་མཆོག་དང་མཁན་པོ་བསྟན་འཛིན་བྱམས་པ། སློབ་དཔོན་ཐུབ་བསྟན་དགེ་ལེགས། སློབ་དཔོན་མཆོད་རྟེན་འཇིགས་རྒྱལ། སློབ་དཔོན་དོན་བརྒྱུད་རྒྱལ་མཚན་བཅས་ནས་དཔེ་ཁྲིད་གནང་བ་དང་། སློབ་ཐོན་པ་རིན་ཆེན་ཕུན་ཚོགས་ལགས་དང་སངས་རྒྱས་བསྟན་འཛིན་རྣམ་གཉིས་ཆོས་ཁྲིམས་སུ་བསྐོས། ལོ་དེར་བཤད་གྲྭས་གོ་སྒྲིག་གནང་སྟེ། ཁམས་སྒར་རྟོགས་ལྡན་མཐུ་སྟོབས་ཉི་མ་མཆོག་ནས། ཁམས་པ་སྒར་གྲྭ་ཚང་དང་བཤད་གྲྭ། འབྲུག་བྱང་ཆུབ་ལྗོངས་རྡོ་རྫོང་དགོན། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་བཅས་ཀྱི་དགེ་འདུན་འདུས་པ་ཡོངས་ལ་འབྲུག་ཀུན་མཁྱེན་པདྨ་དཀར་པོའི་བཀའ་འབུམ་ཆ་ཚང་ལྗགས་ལུང་བསྩལ། མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་ལྷོ་ཀོ་རི་ཡ་དང་ཐེ་ཝན་ཁམས་སྒར་ཆོས་ཚོགས་སུ་ཆོས་དགེར་གདན་ཞུས་བྱས། སློབ་དཔོན་ངག་དབང་ཆོས་བཟང་དང་སློབ་དཔོན་ཆོས་འཕེལ་རྒྱ་མཚོ་རྣམ་གཉིས་བྱང་ཆུབ་ལྗོངས་རྡོ་རྫོང་དགོན་དུ་དཔེ་ཁྲིད་དགེ་རྒན་དུ་བཏང་། སློབ་དཔོན་ཤེས་རབ་རྒྱལ་མཚན་ལགས་ཟངས་དཀར་ཕྱོགས་ཀྱི་དགོན་སྡེ་ཁག་ལ་ཆོས་དགེར་བཏང་།  སློབ་དཔོན་བསམ་གཏན་ལྷུན་གྲུབ་དང་། རྒན་སྲི་རྒྱལ་དོན་གྲུབ། རྒན་ཀརྨ་རྣམ་དག་བཅས་ནས་མུ་མཐུད་དེ་གཞི་རིམ་སློབ་གྲྭའི་སློབ་དགེ་དང་གཟིགས་རྟོག་གནང་།

ཕྱི་ལོ་༢༠༡༩ ལོར་མཁན་པོ་ཆོས་དབྱིངས་ལྷུན་གྲུབ་མཆོག་ནས། ཤེས་ཡོན་དང་སྒྲིག་གཞིའི་ཐུགས་འགན་གཙོར་བཞེས་འོག །མཁན་པོ་བསྟན་འཛིན་སྟོབས་རྒྱལ་དང་། སློབ་དཔོན་ཐུབ་བསྟན་དགེ་ལེགས། སློབ་དཔོན་ངག་དབང་ཆོས་བཟང་། སློབ་དཔོན་དོན་བརྒྱུད་རྒྱལ་མཚན། སློབ་དཔོན་ཚེ་རིང་རྡོ་རྗེ། སློབ་དཔོན་སངས་རྒྱས་བསྟན་འཛིན། སློབ་དཔོན་ཉི་མ་རྒྱལ་མཚན་བཅས་ནས་དཔེ་ཁྲིད་གནང་། སློབ་དཔོན་ཆོས་འཕེལ་རྒྱ་མཚོ་དང་སློབ་གཉེར་བ་དྲི་མེད་ཤེས་རབ་རྣམ་གཉིས་ཀྱིས་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས་པ་དང་། མཁན་པོ་བསྟན་འཛིན་བྱམས་པ་དང་སློབ་དཔོན་ཤེས་རབ་རྒྱལ་མཚན་གཉིས་བྱང་ཆུབ་ལྗོངས་རྡོ་རྫོང་དགོན་དུ་སློབ་དགེར་ཕེབས། མཁན་པོ་ཚེ་དབང་བདེ་ཆེན་བལ་ཡུལ་ཚོགས་གཉིས་སྒར་དགོན་པར་དཔེ་ཁྲིད་མཁན་པོར་གདན་ཞུས་ལྟར་ཕེབས་པ་དང་། སློབ་དཔོན་བསམ་གཏན་ལྷུན་འགྲུབ་དང་རྒན་སྲི་རྒྱལ་དོན་གྲུབ། རྒན་ཀརྨ་རྣམ་དག་བཅས་གཞི་རིམ་སློབ་གྲྭར་སྔར་མུས་ལྟར་གཟིགས་རྟོག་གནང་། ལོ་དེར་སློབ་གཉེར་བ་ཚེ་རིང་རྡོ་རྗེ། སངས་རྒྱས་བསྟན་འཛིན། ཉི་མ་རྒྱལ་མཚན། དྲི་མེད་ཤེས་རབ། དགེ་ལེགས་ཕུན་ཚོགས། བློ་གྲོས་འོད་ཟེར། བཤད་སྒྲུབ་བསྟན་འཛིན་བཅས་བསླབ་པ་མཐར་ཕྱིན་པ་དང་། སློབ་གཉེར་བ་ཕྲིན་ལས་བདེ་ཆོས། ངག་དབང་མཁྱེན་རབ། བསྟན་འཛིན་གྲགས་པ། རྣམ་རྒྱལ་ཚེ་རིང་། ངག་དབང་ཚེ་རིང་། བཟོད་པ་རྒྱ་མཚོ། འཇམ་དབྱངས་ཤེས་རབ། ཚུལ་ཁྲིམས་དབང་ཕྱུག ཤེས་རབ་ཐོགས་མེད། ཤེས་རབ་བློ་གསལ། པདྨ་ཆོས་གྲགས། བསོད་ནམས་ཕུན་ཚོགས། ཚེ་རིང་ཕུན་ཚོགས། ཕུན་ཚོགས་རྣམ་རྒྱལ། སྐལ་བཟང་ཟླ་བ་བཅས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་ཐོབ། གཞན་ཡང་ལོ་དེར་སློབ་གླིང་གསར་པ་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་བྱུང་བར་བརྟེན་དེར་གནས་སྤོས་བྱས་པ་བཅས་སོ། །

ཕྱི་ལོ་༢༠༢༠ ལོར་འཛིན་སྐྱོང་ལྷན་ཚོགས་ཀྱིས་བཀོད་སྒྲིག་བྱས་པ་བཞིན་སློབ་དཔོན་ཐུབ་བསྟན་དགེ་ལེགས་ནས་ཐུགས་འགན་བཞེས་འོག། མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་དང་། སློབ་དཔོན་ངག་དབང་ཆོས་བཟང་། སློབ་དཔོན་ཡོན་ཏན་མཐའ་ཡས། སློབ་དཔོན་ཆོས་འཕེལ་རྒྱ་མཚོ། སློབ་དཔོན་དྲི་མེད་ཤེས་རབ་རྣམ་པས་དཔེ་ཁྲིད་གནང་། མཁན་པོ་བསྟན་འཛིན་སྟོབས་རྒྱལ་མཆོག་གུང་སེང་སྐབས་དང་སྟབས་བསྟུན་ནས་ཀོ་རི་ཡའི་ཆོས་ཚོགས་སུ་ཕེབས་པ་དང་། སློབ་དཔོན་ཉི་མ་རྒྱལ་མཚན་དང་སློབ་དཔོན་སངས་རྒྱས་བསྟན་འཛིན་རྣམ་གཉིས་གུང་སེང་སྐབས་སུ་རང་ཡུལ་འབྲུག་ཏུ་ཕེབས་སྐབས།  གནས་ཡུལ་རྒྱ་གར་དུ་ཏོག་དབྱིབས་གཉན་རིམས་ཤུགས་ཆེར་ཁྱབ་པར་བརྟེན་དབུས་གཞུང་གིས་འགྲིམ་འགྲུལ་བཀག་འགོག་གནང་སྟབས།  དུས་ཐོག་ཏུ་ཁོང་རྣམ་པ་འདི་ག་སློབ་གླིང་དུ་ཕེབས་ཐུབ་མེད།  མཁན་པོ་བསྟན་འཛིན་སྟོབས་རྒྱལ་མཆོག་ཀོ་རི་ཡའི་ཆོས་ཚོགས་སུ་ཆོས་ཁྲིད་གནང་ཞིང་། སློབ་ཐོན་པ་དགེ་ལེགས་ཕུན་ཚོགས་དང་། སློབ་གཉེར་བ་བསོད་ནམས་འབྲུག་གྲགས་རྣམ་གཉིས་ཆོས་ཁྲིམས་སུ་བསྐོས་བཞག་བྱས། སློབ་དཔོན་ཤེས་རབ་རྒྱལ་མཚན་བྱང་ཆུབ་ལྗོངས་རྡོ་རྫོང་དགོན་དུ་སློབ་དགེ་རུ་ཕེབས།  སློབ་གཉེར་བ་དཔལ་ལྡན་ཤེས་རབ་དང་། སློབ་གཉེར་བ་འཇིགས་མེད་ཐུབ་བསྟན། བྱམས་པ་རྒྱ་མཚོ། ལྷ་དབང་རྡོ་རྗེ། འཇིགས་མེད་ཆོས་ནོར། འཇིགས་མེད་ཚེ་ཆོག །བསོད་ནམས་རིན་ཆེན། སྐལ་ལྡན་ཤེས་རབ། སྨོན་ལམ་བཀྲ་ཤིས། བློ་གྲོས་ཕུན་ཚོགས། ཡེ་ཤེས་དར་རྒྱས། ཀུན་ལེགས་རབ་རྒྱས། མདོ་སྡགས་རྒྱ་མཚོ། ཤེས་རབ་རྒྱ་མཚོ་བཅས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་ཐོབ་ཡོད་པ་བཅས་སོ། །

ཕྱི་ལོ་༢༠༢༡་ལོར་སློབ་དཔོན་ཐུབ་བསྟན་དགེ་ལེགས་ཀྱི་ལམ་སྟོན་འོག། མཁན་པོ་བསྟན་འཛིན་སྟོབས་རྒྱལ།  སློབ་དཔོན་ངག་དབང་ཆོས་བཟང་། སློབ་དཔོན་བསོད་ནམས་ཆོས་གྲགས། སློབ་དཔོན་ཡོན་ཏན་མཐའ་ཡས། སློབ་དཔོན་ཆོས་འཕེལ་རྒྱ་མཚོ། སློབ་དཔོན་ཤེས་རབ་རྒྱལ་མཚན། སློབ་དཔོན་དོན་བརྒྱུད་རྒྱལ་མཚན། སློབ་དཔོན་དྲི་མེད་ཤེས་རབ། སློབ་དཔོན་ཉི་མ་རྒྱལ་མཚན། སློབ་དཔོན་སངས་རྒྱས་བསྟན་འཛིན་རྣམས་ནས་དཔེ་ཁྲིད་གནང་བ་དང་། སློབ་དཔོན་ངག་དབང་ཆོས་བཟང་དང་། སློབ་གཉེར་བ་བསྟན་འཛིན་རྒྱལ་མཚན་གཉིས་ནས་ཆོས་ཁྲིམས་པའི་ཐུགས་འགན་བཞེས། ལོ་འདིར་རྟོགས་ལྡན་ཆོས་ཀྱི་བློ་གྲོས་དབུ་བཞུགས་ཐོག། སློབ་ཐོན་པའི་ལག་ཁྱེར། ཕར་ཕྱིན་རབ་འབྱམས་པའི་ལག་ཁྱེར། ལོ་འཁོར་རྒྱུགས་སྤྲོད་བཅས་ཀྱི་མཛད་སྒོ་ལེགས་གྲུབ་བྱུང་བ་དང་། མཁན་པོ་བསྟན་འཛིན་སྟོབས་རྒྱལ་མཆོག་ནས་རྒྱལ་བ་རྒོད་ཚང་པའི་གསུང་འབུམ་དང་།ཀུན་མཁྱེན་མཚོ་སྣ་བའི་འདུལ་བ་མཚོ་ཊིཀ་བཅས་ཀྱི་་ལྗགས་ལུང་གནང་། ལོ་འདིར་མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་གིས་བཤད་གྲྭའི་དགེ་འདུན་འགའ་ཤས་ལ་དགེ་སློང་གི་སྡོམ་པ་གནང་།

ཕྱི་ལོ་༢༠༢༢་ལོར།མཁན་པོ་ཐུབ་བསྟན་དགེ་ལེགས་གཙོར་བཟུང་དཔེ་ཁྲིད་རྒན་རྣམས་ནས་དཔེ་ཁྲིད་གནང་བ་དང་། སློབ་དཔོན་ཉི་མ་རྒྱལ་མཚན་དང་སློབ་ཐོན་པ་ལུང་རིགས་རྒྱ་མཚོ་གཉིས་དགེ་བསྐོས་གནང་། ལོ་འདིར་སྐབས་བདུན་པའི་མཁན་པོར་མངའ་གསོལ་བའི་མཛད་སྒོ་ལེགས་གྲུབ་བྱུང་།མཁན་པོའི་མཚན་གནས་བཞེས་མཁན་མཁན་པོ་ཐུབ་བསྟན་དགེ་ལེགས། མཁན་པོ་འཇིགས་མེད་བློ་གྲོས།མཁན་པོ་ཡོན་ཏན་མཐའ་ཡས། མཁན་པོ་ངག་དབང་ཆོས་བཟང་། མཁན་པོ་སྐལ་བཟང་ཟླ་བ། མཁན་པོ་འཇིགས་མེད་ཚེ་རིང་། མཁན་པོ་ཆོས་རྟེན་འཇིགས་རྒྱལ།་མཁན་པོ་བསམ་གཏན་ལྷུན་གྲུབ་བཅས་བརྒྱད་ཡོད།ལོ་འདིར་དཔེ་ཁྲིད་གནང་མཁན་མཁན་པོ་ཐུབ་བསྟན་དགེ་ལེགས། མཁན་པོ་ཡོན་ཏན་མཐའ་ཡས། མཁན་པོ་ངག་དབང་ཆོས་བཟང་། སློབ་དཔོན་བསོད་ནམས་ཆོས་གྲགས། སློབ་དཔོན་ཀུན་རྒྱལ། སློབ་དཔོན་དོན་བརྒྱུད་རྒྱལ་མཚན།སློབ་དཔོན་བསོད་ནམས་འབྲུག་གྲགས་བཅས་བདུན་ཡོད། ལོ་འདིར་༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་ནས་སྒྲོལ་མའི་བཀའ་དབང་གནང་། མཁན་པོ་་ཆོས་དབྱིངས་ལྷུན་གྲུབ་མཆོག་ནས་ཕྱག་ཆེན་ཟླ་བའི་འོད་ཟེར་གྱི་ལྗགས་ལུང་གནང་། མཁན་པོ་ཆོས་དབྱིངས་ལྷུན་གྲུབ་ནས་ལ་དྭགས་ཀྱི་དགེ་འདུན་པ་རྣམས་དང་བཤད་གྲྭའི་སློབ་ཕྲུག་འགའ་ཤས་ལ་དགེ་ཚུལ་སློང་གི་སྡོམ་པ་ཡང་གནང་།

ཕྱི་ལོ་༢༠༢༣་ལོར།མཁན་པོ་ངག་དབང་ཆོས་བཟང་གིས་ཐུགས་འགན་བཞེས་པའི་འོག སློབ་དཔོན་ཀུན་བཟང་རྒྱ་མཚོ། དོན་བརྒྱུད་རྒྱལ་མཚན། ངག་དབང་གཡང་འཕེལ། ཚུལ་ཁྲིམས་རྣམ་རྒྱལ་རྣམས་དཔེ་ཁྲིད་གནང་བ་དང་། ལོ་འདིར་བཤད་གྲྭའི་དགེ་བསྐོས་དཀོན་མཆོག་རྒྱལ་མཚན་ལགས་ནས་བྱས། ལོ་འདིར་སློབ་དཔོན་ཕྲིན་ལས་ཀུན་ཁྱབ་ནས་དཔལ་ཕག་མོ་གྲུ་པའི་གསུང་འབུམ་གྱི་ལྗགས་ལུང་སྩལ། མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་ནས་བར་དོའི་བཀའ་ཁྲིད་ཟབ་མོ་གནང་།

Show Buttons
Hide Buttons