གཙོ་ངོས། / སྦྱིན་བདག

སྦྱིན་བདག

འདི་ག་བཤད་གྲྭའི་བཞི་རིམ་སློབ་ཕྲུག་རྣམས་ནི་བོད་དང་། རྒྱ་གར། འབྲུག བལ་ཡུལ་བཅས་ཀྱི་ས་ཁོངས་ཧི་མ་ལའི་རི་རྒྱུད་ཁུལ་གྱི་ཕ་མེས་ཡང་མེས་ནས་ནང་པ་ཡིན་པའི་མི་རིགས་ཤ་སྟག་ཡིན་ཞིང་། སློབ་ཕྲུག་མང་ཆེ་བ་ས་གནས་རང་དུ་ནང་པའི་ཆོས་ལ་སློབ་སྦྱོང་གི་ཁོར་ཡུག་ཞན་པ་སོགས་ཀྱིས་ནང་ཆོས་ལ་སློབ་སྦྱོང་ཆེད་དུ་འདིར་འཛུལ་ཞུགས་གནང་བ་དང་། གཞན་ཡང་ནང་མིར་མཐུན་རྐྱེན་ཞན་པ་དང་། ཕ་མ་སོགས་ལྟ་རྟོག་བྱེད་མཁན་མེད་པའི་ཕྲུ་གུ་ཁག་ཅིག་ཀྱང་ཡོད། འདི་ག་བཤད་གྲྭའི་ངོས་ནས་སློབ་ཕྲུག་དེ་དག་ལ་སྡོད་གནས་དང་། ཤེས་ཡོན། འཚོ་གོས། འཕྲོད་བསྟེན་སོགས་ཀྱིས་གསོ་སྐྱོང་གནང་དང་གནང་མུས་ཡིན་པར་སོང་། ཕྱོགས་སོ་སོར་བཞུགས་པའི་དད་གཏོང་ཡངས་བའི་ཆོས་གྲོགས་རྣམ་པས་ཁོང་རྣམ་པའི་མ་འོངས་མདུན་ལམ་ཆེད་དུ་དཔལ་འབྱོར་སོགས་ཀྱི་ཐད་ནས་ཕྱར་བ་གྲུ་འདེགས་གནང་འདུན་ཡོད་ཚེ་ཡིག་ཚང་དུ་ཐད་ཀར་འབྲེལ་བ་གནང་རོགས་ཞུ།

བཤད་གྲྭར་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་འདི་དག་ཀྱང་ཧི་མ་ལའི་རི་རྒྱུད་ཁག་ནས་བོད་རྒྱུད་ནང་བསྟན་གྱི་ཆོས་དང་རིག་གཞུང་ཁག་ལ་སློབ་སྦྱོང་ཆེད་དུ་ཕེབས་པ་ཤ་སྟག་ཡིན་སྟབས།  འདི་ག་བཤད་གྲྭ་ནས་བཞུགས་ས་དང་། འཚོ་གོས། ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་ཐད་ནས་གསོ་སྐྱོང་གནང་དང་གནང་མུས་ཡིན་པས། ཕྱོགས་སོ་སོར་བཞུགས་པའི་དད་གཏོང་ཡངས་བའི་ཆོས་གྲོགས་རྣམ་པས་ཁོང་རྣམ་པའི་འཚོ་གོས་སོགས་ཀྱི་ཆེད་དུ་དཔལ་འབྱོར་སོགས་ཀྱི་མཐུན་འགྱུར་གནང་འདུན་ཡོད་ཚེ་ཡིག་ཚང་དུ་འབྲེལ་བ་གནང་རོགས་ཞུ།

 

 

Show Buttons
Hide Buttons