གཙོ་ངོས། / སློབ་གཉེར་གསར་ཞུགས།

སློབ་གཉེར་གསར་ཞུགས།

  • སློབ་གཉེར་གསར་ཞུགས་ཀྱི་ཆ་རྐྱེན།
  •  

    སློབ་གཉེར་བ་གསར་ཞུགས་ཀྱི་ཆ་རྐྱེན།    

    སློབ་གླིང་འདིར་བོད་བརྒྱུད་ནང་བསྟན་སྤྱི་དང་བྱེ་བྲག་དོན་བརྒྱུད་དཔལ་ལྡན་འབྲུག་པའི་གཞུང་ལུགས་ཁག་ལ་བསླབ་པ་སློབ་གཉེར་གནང་འདུན་ཡོད་མཁན་བཤམ་གྱི་ཆ་རྐྱེན་ཚང་ན་སུའང་ཞུགས་ཆོག་པ་ཡིན།

    ༡༽ རྟེན་རབ་བྱུང་ཡིན་ཐོག་བོད་ཀྱི་སྐད་ཡིག་འབྲི་ཀློག་སོགས་ཀྱི་རྨང་གཞི་ཡོད་དགོས།
    ༢༽ དབང་པོ་དང་སེམས་ཁམས་ལ་སྐྱོན་མེད་པ་དང་། སྨན་ཁང་ཚད་ལྡན་ནས་གཟུགས་ཁམས་བདེ་ཐང་ཡིན་པའི་ངོས་སྦྱོར་དགོས།
    ༣༽ སློབ་གླིང་གཞན་དང་ཚོགས་སྡེ་ཁག་གི་སྒྲིགས་ཁོངས་སུ་གནས་མུས་ཡིན་ཚེ་དགག་བྱ་མེད་པ་ཞིག་ཡིན་དགོས།
    ༤༽ གློ་བུར་རྐྱེན་ཆགས་རིགས་བྱུང་ཚེ། དགོན་པར་ཁག་མི་འགེལ་པའི་འགན་ལེན་དགོས།
    ༥༽ བཤད་གྲྭའི་སྒྲིགས་ཁོངས་སུ་ཞུགས་རྗེས་སྤྱིའི་སྒྲིག་ལམ་དང་ཐོབ་ཐང་གཅིག་མཚུངས་ཡིན།
    སློབ་གཉེར་བ་ཁྱུ་ཞིག

     

     བཤད་གྲྭའི་གཞི་རིམ་སློབ་གྲྭར་གསར་ཞུགས་ཀྱི་ཆ་རྐྱེན།

    ༡༽ དམིགས་བསམ་འདྲ་ཡིན་མ་གཏོགས་ལོ་ན་བརྒྱད་ལོན་དགོས།
    ༢༽ དབང་པོ་དང་སེམས་ཁམས་ལ་སྐྱོན་མེད་པ་དང་། སྨན་ཁང་ཚད་ལྡན་ནས་གཟུགས་ཁམས་བདེ་ཐང་ཡིན་པའི་ངོས་སྦྱོར་དགོས།
    ༣༽ རབ་བྱུང་མིན་ཚེ་གྲྭ་པ་བཟོ་དགོས།
    ༤༽ འདིར་འཛུལ་བཞུགས་གནང་བར་སློབ་གླིང་གཞན་དང་ཚོགས་སྡེ་ཁག་གི་སྒྲིགས་ཁོངས་སུ་གནས་མུས་ཡིན་ཚེ་དགག་བྱ་མེད་པ་མ་ཟད། ཕ་མ་དང་ཡང་ན་ནང་མིའི་འབྲེལ་ཡོད་ཅིག་གིས་མོས་མཐུན་ཡོད་དགོས།
    ༥༽ གློ་བུར་རྐྱེན་ཆགས་རིགས་བྱུང་ཚེ། དགོན་པར་ཁག་མི་འགེལ་པའི་ཕ་མ་དང་ཡང་ན་འབྲེལ་ཡོད་ཅིག་གིས་འགན་ལེན་གནང་དགོས།
    ༦༽ སློབ་གྲྭའི་སྒྲིགས་ཁོངས་སུ་ཞུགས་ཕྱིན་སློབ་གྲྭའི་སྤྱིའི་སྒྲིག་ལམ་དང་མཐུན་རྐྱེན་གཅིག་མཚུངས་ཡིན།
  • ཟུར་འཇུག་སློབ་མའི་ཆ་རྐྱེན།
Tab 1 | Your Content
Tab 2 | Your Content

 

Show Buttons
Hide Buttons