|
སྣེ་ལེན། |
ང་ཚོའི་སྣེ་ལེན་པས་དཔེ་མཛོད་ཁང་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པས་ཁྱེད་ཀྱིས་དོགས་གནས་ཇི་ཡོད་བཀའ་འདྲི་ཐད་ཀར་ཞུས་ཆོག། |
|
དཔེ་དེབ་བླུ་ཡོན། |
འདི་ག་དཔེ་མཛོད་ཁང་ནས་དཔར་འགྲེམས་ཞུས་པའི་དཔེ་དེབ་རྣམས་སྤུས་གཟིགས་གནང་རྒྱུ་ཡོད། |
|
ཕྱག་དཔེ་གསུང་རྟེན་ཁང་། |
བོད་ཕྱི་ནང་གཉིས་སུ་དཔར་སྐྲུན་བྱས་པའི་དཔེ་དེབ་གསར་རྙིང་སྣ་མང་གཟིགས་ཞིབ་གནང་རྒྱུ་ཡོད། |
|
ཕྱི་རྒྱལ་སྐད་ཡིག་སྡེ་ཚན། |
ཕྱི་རྒྱལ་སྐད་ཡིག་ཐོག་ཡོད་པའི་དཔེ་དེབ་དང་། དཔྱད་གཞིའི་ཡིག་ཆ། དུས་དེབ། ཉིན་རེའི་གསར་ཤོག་སོགས་གཟིགས་རྒྱུ་ཡོད། |
|
འགྲེམས་སྟོན་ཁང་། |
ཐོག་བརྩེགས་གཉིས་པའི་ཐོག་རྩ་ཆེའི་སྐུ་འདྲ་དང་། ཚེམ་དྲུབ་མའི་ཐང་ག སྲོལ་རྒྱུན་བཟོ་རྩལ་སོགས་སྣ་མང་རིག་དངོས་ཀྱི་འགྲེམས་སྟོན་ཞུས་ཡོད། |
|
དཔེ་ཁྲིད་དང་སྒོམ་ཁང་། |
ནང་ཆོས་དོན་གཉེར་ཅན་གྱི་སློབ་མ་བདུན་ཅུ་ལྷག་ཤོང་བའི་དཔེ་འཁྲིད་ཁང་ཡོད། |
|
བོད་ཧིན་གྱི་འཛིན་གྲྭ། |
ང་ཚོར་སློབ་ཁྲིད་དང་། ཟབ་སྦྱོང་འཚོགས་སའི་འཛིན་ཁང་ཆེ་ཆུང་མང་པོ་ཡོད། |
|
ཚོགས་ཁང་། |
གསར་འགོད་གསལ་བསྒྲགས་དང་། གཏམ་བཤད། ཚོགས་འདུ། ཟབ་སྦྱོང་སོགས་གོ་སྒྲིག་ཞུ་རྒྱུར་དེང་དུས་ཀྱི་མཐུན་རྐྱེན་ཚང་བའི་ཚོགས་ཁང་ཡོད། |
|
སྒྲ་འཇུག་ཁང་། |
གླུ་གཞས་དང་། རོལ་དབྱངས། གཏམ་གླེང་སོགས་སྒྲ་འཇུག་དང་སྒྲིག་བཟོ་བྱེད་རྒྱུའི་མཐུན་རྐྱེན་ཚད་དང་ལྡན་པ་ཡོད། |
|
ཟ་ཁང་། |
ཉེ་འགྲམ་དུ་ཤ་མེད་ཟས་རིགས་སྣ་ཚོགས་དང་། འཐུང་ཆུའི་རིགས་ཉོ་རྒྱུ་ཡོད། |
|
སྤྱི་བཏང་དཔེ་མཛོད། |
གསར་དུ་དབུ་འབྱེད་ཞུས་པའི་སྤྱི་བཏང་དཔེ་མཛོད་འདི་བཞིན་ཞོགས་པ་ཆུ་ཚོད་ ༡༡ ནས་དགོང་དྲོའི་ཆུ་ཚོད་ ༧ བར་རྒྱ་ཆེའི་མི་མང་དང་སློབ་ཕྲུག་ལ་དཔེ་དེབ་སྣ་ཚོགས་ལྟ་ཀློག་བྱེད་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད། |
|
སྒྲ་བརྙན་ཁང་། |
བོད་དང་བོད་ཀྱི་རིག་གནས་ཁག་ལ་ཉམས་ཞིབ་དང་དོན་གཉེར་གནང་མཁན་གྱི་ཕྱི་ནང་མི་རིགས་ཡོངས་ལ་བོད་ཀྱི་དངོས་བྱུང་དང་སྤྱིར་བཏང་གློག་བརྙན་དང་། ངག་རྒྱུན་ལོ་རྒྱུས། བོད་ཀྱི་གླུ་གར། གསུང་བཤད། དཔེ་ཁྲིད་སོགས་གཟིགས་རྒྱུ་ཡོད། དེ་བཞིན་གློག་རྡུལ་དཔེ་དེབ་དང་། དཔར་མཛོད། སྒྲ་འཇུག་སོགས་གསན་གཟིགས་གནང་རྒྱུ་ཡོད། |
|
མགྲོན་ཁང་། |
ཆེད་བཅར་ཉམས་ཞིབ་པ་དང་། སློབ་ཕྲུག་རྣམས་ཀྱི་ཆེད་དུ་བོད་ཀྱི་དཔེ་མཛོད་ཁང་གི་ཁོར་ཡུག་ར་བའི་ནང་སྒྲིག་བཀོད་འབྲིང་ཙམ་གྱི་མགྲོན་ཁང་མཐུན་རྐྱེན་ཡོད། |