Home / རྩོམ་རིག་ཁང་།

རྩོམ་རིག་ཁང་།

རྩོམ་སྒྲིག་ཁང་གི་ལོ་རྒྱུས་མདོར་བསྡུས།

དཔལ་འབྲུག་པའི་གདམས་ཟབ་གཅེས་སྐྱོང་ཁང་ནི།ཕྱི་ལོ་༢༠༡༤ནང་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་སྤྱི་ཁྱབ་སློབ་སྟོན་པ་མཁན་རིན་པོ་ཆེ་ཆོས་དབྱིངས་ལྷུན་གྲུབ་ལགས་ནས་གསར་དུ་བཙུགས་པའི་ཚོགས་པ་ཆུང་ཆུང་ཞིག་ཡིན། རྩོམ་སྒྲིག་ཁང་ནང་དུ་ལས་བྱེད་པ་ལྔའམ་དྲུག་སྐོ་ཡིི་ཡོད།

དེ་ཡང་། ཚོགས་གཙོ་དང་། དྲུང་ཡིག  དངུལ་གཉེར་།གཞན་ལས་རོགས་བཅས་ཡོད།ཚོགས་ཆུང་དེ་བཙུགས་ནས་ད་བར་མི་ཉམས་གོང་ཕེལ་གྱི་རྒྱུན་བསྐྱངས་དང་སྐྱོང་བཞིན་པའི་སྒང་ཡིན།

 

རྩོམ་སྒྲིག་ཁང་གི་དམིགས་ཡུལ།

དཔལ་མཉམ་མེད་བཀའ་བརྒྱུད་པའི་ནང་གསེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་གདམས་ངག་ཟབ་མོ་དང་།  སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་ལོ་རྒྱུས།

མདོ་སྔགས་སོགས་ཀྱི་དཔེ་རྒྱུན་ཆེས་དཀོན་པའི་རིགས་རྣམས་འཚོལ་སྡུད་དཔེ་སྡུར་ཞུས་ཏེ་སྤར་སྐྲུན་བྱེད་རྒྱུ་དང་།མ་ཟད་དེ་དག་གི་དབང་ཁྲིད་མན་ངག་ལུང་རྒྱུན་དག་གང་ལ་ལྡན་པའི་མཚན་ལྡན་གྱི་བླ་མ་དམ་པ་དག་གདན་ཞུས་ཀྱིས་དབང་རྒྱུན། ཁྲིད་རྒྱུན། མན་ངག་གི་རྒྱུན། ལུང་གི་རྒྱུན་བཅས་དར་སྤེལ་བྱེད་རྒྱུ་དེ་ཡིན། ཞོར་དུ་ལོ་རེའི་དུས་དེབ་( པུཎྜ་རི་ཀ) ཞེས་པ་དེ་སློབ་ཕྲུག་ཡོངས་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་། རྩོམ་པའི་གྲོས་སོགས་ཡར་རྒྱས་སུ་རྒྱུ་བའི་ཐབས་སུ་པར་སྐྲུན་བྱེད་རྒྱུ་བཅས་སོ།།

རྩོམ་སྒྲིག་ཁང་ནས་ད་བར་པར་དུ་སྐྲུན་པའི་དཔེ་དེབ་ཁག་གི་མཚན་ཐོ།

 

  1. ཡོངས་འཛིན་འཇམ་དཔལ་དཔའ་བོའི་ཕྱག་ཆེན་སྔོན་དངོས།
  2. མཁས་དབང་སངས་རྒྱས་རྡོ་རྗེའི་གསུང་སྔོན་འགྲོའི་སྐོར།
  3. ཤེར་ཕྱིན་ལུང་གི་སྙེ་མ། སྟོད་ཆ། སྨད་ཆ།
  4. ལྟ་བ་ངན་སེལ་དང་ཕར་ཕྱིན་མཚན་ཉིད་ཕྱོགས་བསྒྲིགས།
  5. གཞུང་ཆེན་ལྔ་ཡི་རྩ་བ་ཕྱོགས་བསྒྲིགས།
  6. སྒྲུབ་པའི་ཞལ་བསྒོས་དང་གཞལ་གདམས་སྐོར།
  7. རྒྱུད་སྡེ་སྤྱིའི་རྣམ་གཞག་མཁས་པའི་ཡིད་འཕྲོག
  8. སོ་སོ་ཐར་པའི་སྡོམ་པ་འབོག་པའི་ཆོ་ག་བསྟན་པའི་སྙིང་པོ་བཞུགས་སོ།།
  9. མགོན་པོ་ཟླ་འོད་གཞོན་ནུས་མཛད་པའི་ཚོགས་ཆོས་ལེགས་མཛེས་མ་བཞུགས་སོ།།
  10. འགྲོ་བའི་མགོན་པོ་དཔལ་ལྡན་ཕག་མོ་གྲུ་པའི་ཚོགས་ཆོས་མུན་པ་ཐམས་ཅད་སེལ་བར་བྱེད་པ་བཻཌཱུརྱ་འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་བཞུགས་སོ།།
  11. ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོའི་གཞུང་འགྲེལ་རྡོ་རྗེ་འཆང་གི་དགོངས་པ་གསལ་བ་ཞེས་བྱ་བ་བཞུགས་སོ།།

Show Buttons
Hide Buttons