Home / ལོ་རེའི་སློབ་ཚན།

ལོ་རེའི་སློབ་ཚན།

  • ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་སློབ་ཚན།

  • བཤད་གྲྭའི་གཞི་རིམ་སློབ་གྲྭའི་སློབ་ཚན།

  • ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་ཉིན་ཞག་ཕྲུགས་གཅིག་གི་དུས་ཚོས་རེའུ་མིག

  1. ལོ་རིམ་དང་པོར། བསྡུས་གྲྭ་དང་དགེ་ཚུལ་ཀ་རི་ཀ བཤེས་སྤྲིངས།ཟུར་སྦྱོང་དུ་རིག་གནས་སུམ་ཅུ་པ་དང། དབྱིན་ཡིག
  2. ལོ་རིམ་གཉིས་པར། བློ་རིག་དང་རྟགས་རིགས། དྭགས་པོའི་ཐར་རྒྱན།ཟུར་སྦྱོང་དུ་རིག་གནས་བརྡ་སྤྲོད། དབྱིན་ཡིག
  3. ལོ་རིམ་གསུམ་པར། ཚད་མ་རིགས་གཏེར་གསལ་བྱེད། སྤྱི་དོན་རིག་པའི་སྙིང་པོ། ཟུར་སྦྱོང་དུ་བརྡ་སྤྲོད། དབྱིན་ཡིག
  4. ལོ་རིམ་བཞི་པར། ཚད་མ་རིགས་གཏེར་རང་འགྲེལ། སྤྱི་དོན་རིག་པའི་སྙིང་པོ། ཟུར་སྦྱོང་དུ་བརྡ་སྤྲོད། དབྱིན་ཡིག
  5. ལོ་རིམ་ལྔ་པར། བུ་སྟོན་ཕར་ཕྱིན་སྐབས་དང་པོ། ཆོས་ཉིད་རྣམ་འབྱེད། དབུས་མཐའ་རྣམ་འབྱེད། ཟུར་སྦྱོང་དུ་བརྡ་སྤྲོད། དབྱིན་ཡིག
  6. ལོ་རིམ་དྲུག་པར། བུ་སྟོན་ཕར་ཕྱིན་སྐབས་གཉིས་པ་ནས་བརྒྱད་པའི་བར།མདོ་སྡེ་རྒྱན།ཆོས་འཁོར་དོགས་གཅོད། ཟུར་སྦྱོང་དུ་བརྡ་སྤྲོད། དབྱིན་ཡིག
  7. ལོ་རིམ་བདུན་པར། ཕར་ཕྱིན་བྱམས་པའི་ཞལ་ལུང།རྒྱུད་བླ་མ། ཟུར་སྦྱོང་དུ་བརྡ་སྤྲོད། དབྱིན་ཡིག
  8. ལོ་རིམ་བརྒྱད་པར། སློབ་ཚན་ལ་དབུ་མ་འཇུག་པ་རང་འགྲེལ། དབུ་མ་རྩ་བ་ཤེས་རབ། ཟུར་སྦྱོང་དུ་བརྡ་སྤྲོད། དབྱིན་ཡིག
  9. ལོ་རིམ་དགུ་པར། དབུ་མ་གཞུང་གསུམ་གསལ་བྱེད། དབུ་མ་བཞི་བརྒྱ་པ། ཟུར་སྦྱོང་དུ་བརྡ་སྤྲོད། དབྱིན་ཡིག
  10. ལོ་རིམ་བཅུ་པར། མངོན་པ་མཛོད་རང་འགྲེལ་གནས་བཞི་པ་བར།མངོན་པ་ཀུན་བཏུས། ཟུར་སྦྱོང་དུ་བརྡ་སྤྲོད། དབྱིན་ཡིག
  11. ལོ་རིམ་བཅུ་གཅིག་པར། མངོན་པ་མཛོད་རང་འགྲེལ་གནས་ལྔ་པ་ནས་བརྒྱད་པ་བར།སུམ་བཅུ་པ་དང་ཉེ་ཤུ་པ། ཟུར་སྦྱོང་དུ་བརྡ་སྤྲོད། དབྱིན་ཡིག
  12. ལོ་རིམ་བཅུ་ཉིས་པར། སྡོམ་གསུམ་རྒྱ་ཆེར་འགྲེལ། ཟུར་སྦྱོང་དུ་བརྡ་སྤྲོད། དབྱིན་ཡིག

ལོ་ལྟར་ཟླ་ངོ་གཅིག་གི་རིང་རང་ལུགས་དོན་བརྒྱུད་འབྲུག་པའི་གདམས་ངག་ཟབ་མོ་ལས་ཆོས་ཚན་རེ་ཟུང་བཤད་གྲྭ་བ་ཐུན་མོང་ལ་བཀའ་ཁྲིད་གནང་གིན་ཡོད།

  1. ལོ་རིམ་བདུན་པར་བགྲང་བྱ་གསུམ་གྱི་རིང་ཕར་ཕྱིན་མཐར་ཕྱིན་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་གནང་གི་ཡོད།
  2. ཕར་ཕྱིན་རབ་འབྱམས་པ་གནས་རིམ་དང་པོར་སོན་པ་དག་སྐྱོར་དཔོན་བསྐོ་གཞག་བྱེད་ཀྱི་ཡོད།
  3. ལོ་རིམ་བཅུ་གཉིས་པ་སློབ་ཐོན་པ་རྣམས་ལ་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་སྩོལ་གྱི་ཡོད།
  4. བསླབ་པ་མཐར་ཕྱིན་གྱི་གནས་རིམ་དང་པོར་སོན་པ་རྣམས་དཔེ་ཁྲིད་རྒན་ནམ་སློབ་དཔོན་དུ་བསྐོ་གཞག་བྱེད་ཀྱི་ཡོད།
  5. སློབ་དཔོན་རྣམས་ལས་མཐོ་སློབ་འདི་དང་ཡང་ན་དགོན་པ་གཞན་ལ་བགྲང་བྱ་གསུམ་ལས་མི་ཉུང་བའི་རིང་དཔེ་ཁྲིད་ཚད་ལྡན་མཛད་པ་དག་ལ་མཁན་པོའི་ཕྱག་ཁྱེར་གནང་གི་ཡོད།
  6. སློབ་གཉེར་བ་ཡོངས་ནས་བོད་ཟླ་དྲུག་པའི་ནང་ལོ་ཕྱེད་ཡིག་རྒྱུགས་སྤྲད་དགོས་པ་དང་།ལོ་མཇུག་ཏུ་ལོ་འཁོར་ཡིག་རྒྱུགས་ཆེན་མོ་སྤྲད་དགོས། རྒྱུགས་སྤྲོད་ལ་འབྲི་རྒྱུགས། བློ་རྒྱུགས། རྩོད་རྒྱུགས་བཅས་ཡོད།

གཞན་ཡང་བདུན་ཕྲག་རེ་ལ་བགྲོ་གླེང་དང་དམ་བཅའ་ཆེན་མོ་སོགས་འཇོག་རྒྱུ་ཡོད།སྟོན་པའི་དུས་ཆེན་ཆེ་ཁག་བཞི་དང་ཀུན་མཁྱེན་ཆེན་མོའིི་འདས་མཆོད་རྣམས་འཆད་རྩོད་བརྩམས་གསུམ་གྱི་ཐོག་ནས་དུས་ཆེན་སྲུང་བརྩི་ཞུ་ཡི་ཡོད། །

  1. ལོ་རིམ་དང་པོར།བོད་ཡིག་དང་དབྱིན་ཡིག་འབྲི་ཀློག་དང་།བརྡ་སྤྲོད་རིག་པའི་རྩ་བ་དང་བཤད་གྲྭའི་ཞལ་
    འདོན་སོགས་བློ་འཛིན་གནང་རྒྱུ།
  2. ལོ་རིམ་གཉིས་པར། ལེགས་བཤད་ལྗོན་དབང་དང་།དཀའ་གནས་གསལ་བའི་མེ་ལོང་།བཤེས་པའི་སྤྲིངས་ཡིག སྐྱ་ལེགས་བཤད།དབྱིན་ཇིའི་སྐད་ཡིག་སོགས་ལ་སློབ་སྦྱོང་གནང་རྒྱུ་དང་།གཞུང་ཆེན་ཁག་གི་རྩ་བ་བློ་འཛིན་བྱེད་རྒྱུ།
  3. ལོ་རིམ་གསུམ་པར། སུམ་བཅུ་པ་དང་།རྟགས་འཇུག རྒྱལ་སྲས་ལག་ལེན།དགེ་ཚུལ་གྱི་བསླབ་བྱ་ལྔ་བཅུ་པ།དྭགས་པོའི་ཐར་རྒྱ། དབྱིན་ཇིའི་སྐད་ཡིག་སོགས་ལ་སློབ་སྦྱོང་དང་།གཞུང་ཆེན་ཁག་གི་རྩ་བ་བློ་འཛིན་བྱེད་རྒྱུ་བཅས་སོ། །
ཞོགས་པ་ཆུ་ཚོད། 05:00 སོ་དང་གདོང་པ་སོགས་བཀྲུ་རྒྱུ།
;;       ;; 05:30 ལུས་སྦྱོང་རྩེ་རྒྱུ།
;;       ;; 06:00 རྩ་བ་བློ་འཛིན་བྱ་རྒྱུ།
;;       ;; 07:00 ཞོགས་ཟས།
;;       ;; 08:00 འཛིན་གྲྭ་འཚོག་རྒྱུ།
;;       ;; 09:30 གསོལ་ཇ་བར་གསེང་།
;;       ;; 10:00 འཛིན་གྲྭ་འཚོག་རྒྱུ།
;;       ;; 11:00 ཟུར་སྦྱོང་འཛིན་གྲྭ
ཉིན་གུང་། 12:00 གུང་ཚིགས་བར་གསེང་།
༡༠ ཉིན་རྒྱབ། 14:00 སྐྱོར་སྦྱོང་འཛིན་གྲྭ
༡༡ ;;      ;; 15:00 གསོལ་ཇ་བར་གསེང་།
༡༢ ;;      ;; 15:30 རྩོད་པ་གྲ་སྒྲག་གི་རང་སྦྱོང་།
༡༣ ;;      ;; 16:00 ཆོས་ར་འཚོག་རྒྱུ།
༡༤ ཕྱི་དྲོ། 17:00 རྩ་བ་བློ་འཛིན་བྱ་རྒྱུ།
༡༥ ;;   ;; 18:00 དགོས་ཟས་བར་གསེང་།
༡༦ ;;    ;; 19:00 དགོང་ཚོགས།
༡༧ ;;     ;; 19:45 ཆོས་ར་འཚོག་རྒྱུ།
༡༨ དགོང་མོ། 21.00 རང་སྦྱོང་།
༡༩ ;;      ;; 22:00 གཟིམ་

 

 

Show Buttons
Hide Buttons