དོན་བརྒྱུད་དཔལ་ལྡན་འབྲུག་པའི་ནང་བསྟན་སློབ་གླིང་འདིའི་ནང་དོན་རིག་པའི་སློབ་གཉེར་བྱ་ཡུལ་གྱི་ལྟེ་གནས་ཤིག་ཏུ་གྱུར་ཡོད།
སློབ་གླིང་འདིར་མཐུན་འགྱུར་གྱི་ཆ་རྐྱེན་ནི། མཁན་པོ་དང་། སློབ་དཔོན། དགེ་རྒན། ལས་བྱེད་སོགས་ལ་བཞུགས་ཁང་སོགས་ཀྱི་མཐུན་རྐྱེན་དམིགས་བསལ་ཡོད་ཅིང། སློབ་གཉེར་བ་གཉིས་ལ་གྲྭ་ཤག་རེ་ཡོད། གྲྭ་ཤག་དེ་དག་ལ་ཁྲུས་ཁང་དང་། ཆབ་ཁང་ཐུན་མོང་དུ་ཡོད་ཅིང་། ཆུ་དང་གློག་སོགས་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ཉི་ར་དང་གླིང་ཁ། འགྲོ་ལམ་སོགས་ཀྱི་ཆ་རྐྱེན་ཡང་ཡག་པོ་ཡོད། གྲྭ་ཤག་ནང་དུ་གཟིམ་ཁྲི་དང་། བཞུགས་གདན། མདུན་ཅོག དཔེ་ཁྲི། སློབ་དེབ། རླུང་འཁོར་སོགས་ཡོད།
སློབ་གཉེར་བ་རྣམ་པར་དུས་གསུམ་གྱི་ཞལ་ལག་ཚད་ལྡན་དང་། སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་དང་། ཕྱི་དྲོ་ཕྱག་ཚོད་གསུམ་པར་གསོལ་ཇ་མངར་མོ་ཡོད། བཀྲ་ཤིས་ལྗོངས་ས་གནས་ཀྱི་སྨན་ཁང་གི་སྨན་རིན་ཆ་ཚང་གཏོང་མུས་ཡིན་པ་མ་ཟད། སྨན་ཁང་ཆེ་ཁག་ཏུ་ཕེབས་དགོས་ཆགས་དུས་ནད་པའི་གནས་སྟངས་ལ་དཔག་སྟེ་འགྲོ་སོང་འབུལ་གྱི་ཡོད། མ་འོངས་པར་ཛ་དྲག་གི་ནད་གཞི་ལྕི་མོའི་རིགས་ཕོག་སྟེ་བཤད་གྲྭས་ཐབས་ཤེས་ཟད་ན་མ་གཏོགས། སྔར་བཞིན་བྱ་འདོད་ཡོད། སྐབས་དང་དུས་སུ་གཟིམ་ཆས་དང་། གཟན་ཤམ། ཁྲུས་ཆས་སོགས་འབུལ་གྱི་ཡོད།
འཛིན་ཁང་ནང་གི་ཁྲི་དང་བཞུགས་གདན།
ཡིག་ཚང་ནང་གི་རྩིས་པ་དང་དྲུང་ཡིག་གི་བཞུགས་སྟེགས།
ཡིག་ཚང་ནང་གི་འགན་འཛྀན་བཞུགས་སྟེགས།སྐུ་མགྲོན་རྣམ་པའི་ཞལ་ལག་བཞེས་ཁང་།