གཙོ་ངོས། / གཞི་རིམ་སློབ་གྲྭའི་སློབ་ཚན།

གཞི་རིམ་སློབ་གྲྭའི་སློབ་ཚན།

 

༈ གཞི་རིམ་སློབ་གྲྭར་རྩ་བའི་འཛིན་གྲྭ་བརྒྱད་ཡོད།

འཛིན་གྲྭ་སོ་སོའི་སློབ་ཚན་ནི།

  • འཛིན་རིམ་དང་པོ། དབྱིན་ཡིག་དང་། དབྱངས་གསལ་རྐྱང་ཀློག་གི་ཀློག་འགྲོས་སྦྱོང་བརྡར།
  • འཛིན་རིམ་གཉིས་པ། སྦྱོར་ཀློག་འབྲུ་འདེད་བྱང་ཆུབ་པ་དང་དབྱིན་ཡིག ཨང་རྩིས།
  • འཛིན་རིམ་གསུམ་པ། སྦྱོར་ཀློག་ཚེག་འདེད་དང་སྡོམ་འདེད། དབྱིན་ཡིག །ཨང་རྩིས།
  • འཛིན་རིམ་བཞི་པ། སློབ་ཆུང་དག་ཡིག་གཙོས་དག་ཡིག་ཁག་དང་། དབྱིན་ཡིག །ཨང་རྩིས། ཉེར་མཁོའི་ཞལ་འདོན་སོགས་བློ་འཛིན།
  • འཛིན་རིམ་ལྔ་པ། བརྡ་སྤྲོད་ལེགས་བཤད་ལྗོན་དབང་དང་། དཀའ་གསལ་གཉིས་རྩ་བ་བློ་འཛིན་དང་། དབྱིན་ཡིག །ཨང་རྩིས།
  • འཛིན་རིམ་དྲུག་པ། བརྡ་སྤྲོད་ལེགས་བཤད་ལྗོན་དབང་དང་དཀའ་གསལ་གཉིས་བསྐྱར་སྦྱོང་དང་། བཤེས་པའི་སྤྲིངས་ཡིག དབྱིན་ཡིག །ཨང་རྩིས།
  • འཛིན་རིམ་བདུན་པ། བརྡ་སྤྲོད་སུམ་རྟགས་གཉིས་རྩ་བ་དང་བྱ་ཚིག་ཡོངས་རྫོགས་བློ་འཛིན་དང་། ས་ལེགས། རྒྱལ་སྲས་ལག་ལེན་རྩ་བ་བློ་འཛིན་དང་། དགེ་ཚུལ་གྱི་བསླབ་བྱ་ལྔ་བཅུ་པ་བཅས་ཡོད།
  • འཛིན་རིམ་བརྒྱད་པ། དྭགས་པོའི་ཐར་རྒྱན་དང། དབྱིན་ཡིག སྨྲ་སྒོ་མཚོན་ཆ་དང་། རྩོམ་གྱི་རྐང་སྟེགས་ཉིན་ཐོ་འབྲི་ཚུལ་སྦྱོང་བརྡར་བཅས་གྲུབ་ནས་སློབ་མཐར་སོན་གྱི་ཡོད། །

Show Buttons
Hide Buttons