བོད་ཟླ་དྲུག་པའི་ཚེས་བཞི་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་མཆོག་གིས། ཡུལ་ཝ་ར་ན་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་ཆེན་ཁྱད་པར་ཅན་ཡིན་གཤིས། འདི་ག་འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་མཁན་སློབ་རྣམ་པས་གནས་བརྟན་ཕྱག་མཆོད་ཀྱི་ཆོ་ག་གསུངས་ཤིང་། དུས་བཟང་དང་འབྲེལ་འཛིན་གྲྭ་བདུན་པ་ཕར་ཕྱིན་ལོ་རིམ་གསུམ་པའི་སློབ་གཉེར་བའི་ཁོངས་ནས། ཀུན་མཁྱེན་ཆེན་པོ་མི་ཕམ་པདྨ་དཀར་པོ་མཆོག་གིས་མཛད་པའི་གཞུང་མཆོག་“ཆོས་འཁོར་དོགས་གཅོད་རྩ་འགྲེལ་”གྱི་ཐོག་ནས་ལུང་རིགས་ཀྱིས་བརྒལ་བརྟག་མཛད་པ་དང་། སྟོན་པའི་རྣམ་ཐར་དང་འབྲེལ་བའི་ཆོས་བཤད། སྟོན་པའི་སྐུ་གསུང་ཐུགས་ཀྱི་ཆེ་བ་བརྗོད་པའི་སྙན་རྩོམ་ཁག་ལྗགས་ཀློག་གནང་བ་སོགས་ཀྱིས། འདི་ལོའི་ཆོས་འཁོར་དུས་ཆེན་ཡུལ་དུས་གནས་བབ་དང་བསྟུན་ནས་སྟབས་བདེའི་ངང་སྲུང་བརྩི་ཞུས་པ་ལགས་སོ།།
མུ་མཐུད་ཀློགས།འདི་ག་བཀྲ་ཤིས་ལྗོངས་དགོན་སྡེ་གཉིས་ཀྱིས་གནས་ཡུལ་མངའ་སྡེའི་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩ་བརྒྱུད་ནས་ས་གནས་ཡུལ་མི་རྣམས་ལ་རོགས་རམ་གནང་བ།
༄༅།། དེང་གི་ཆར་ཏོག་དབྱིབས་ནད་ཡམས་དེ་བཞིན་འཛམ་གླིང་སྤྱི་དང་ཡང་སྒོས་རྒྱ་གར་ནང་དུའང་ཁྱབ་བཞིན་པར་སོང་། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་རྡི་མཆོག་གིས་དབུ་ཁྲིད་འོག་དབུས་གཞུང་དང་མངའ་སྡེ་སོ་སོས་ནད་ཡམས་སྔོན་འགོག་ཆེད་དུ་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་འབད་བརྩོན་གནང་བཞིན་པ་ལྟར། འདི་ག་གནས་ཡུལ་ཧི་མ་ཅཱ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཤྲི་ཇེེ་རཱམ་ཋཱ་ཀུར་མཆོག་གིས་སྣེ་ཁྲིད་འོག མངའ་སྡེ་གཞུང་དང་ས་གནས་བཅས་ཀྱིས་ནད་ཡམས་སྔོན་འགོག་ལ་འབད་བརྩོན་རྒྱ་ཆེར་གནང་བཞིན་པར་ཡི་རང་དང་རྒྱབ་སྐྱོར་མཚོན་བྱེད་དུ། ༧དཔལ་རྒྱལ་བ་མདོ་ཁམས་དགུ་པ་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར། སྐུ་ཉིད་ཀྱི་བླ་བྲང་དང་། ཁམས་སྒར་གྲྭ་ཚང་། བཤད་གྲྭ། བྱང་ཆུབ་ལྗོངས་རྡོ་རྫོང་དགོན། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་། འདི་ག་བཀྲ་ཤིས་ལྗོངས་གཞིས་ལས་ཁང་བཅས་ཀྱིས་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩ་བརྒྱུད་ནས་མགོན་མེད་ཉམ་ཐག་ཚོར་ཉིན་རེའི་དགོས་མཁོའི་བཟའ་བཅའ་དང་། སྨན་རིགས་སོགས་སུ་འགྲོ་གྲོན་གཏོང་ཆེད་ཞལ་འདེབས་ཧིན་སྒོར་འབུམ་དྲུག་དང་། ས་གནས་ལས་ཁུངས་བརྒྱུད་ནས་ཟ་འབྲུ་གང་འཚམ་བཅས་ཕུལ་བ་དང་འབྲེལ། ནད་མནར་གྱིས་དཀའ་སྡུག་འོག་ཏུ་ཚུད་པའི་ནད་པ་དག་ལ་ལྟ་སྐྱོང་གནང་མཁན་གྱི་སྨན་པ་དང་སྨན་ཞབས་པ། ནད་ཡམས་སྔོན་འགོག་ཆེད་དུ་ཕྱག་ལས་གནང་མཁན་གཞུང་དམངས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། རྒྱ་གར་གཙོས་པའི་འཛམ་གླིང་གང་སར་ནད་ཡམས་ཀྱིས་ཚེ་ལས་འདས་པ་དག་ལ་བསྔོ་སྨོན་དང་། ནད་མནར་སོགས་ཀྱིས་དཀའ་ངལ་འཕྲད་བཞིན་པ་དག་ནད་ལས་མྱུར་དུ་གྲོལ་བའི་གསོལ་འདེབས་སྨོན་ལམ་གང་ཐུབ་ཞུ་རྒྱུ་བཅས། ཁམས་སྒར་གྲྭ་ཚང་ནས། ༢༠༢༠། …
མུ་མཐུད་ཀློགས།གསར་དུ་པར་སྐྲུན་ཞུས་པའི་ཕྱག་དཔེ།
དཔལ་འབྲུག་པའི་གདམས་ཟབ་གཅེས་སྐྱོང་ཁང་ངམ། ཁམས་སྒར་འབྲུག་མཐོ་སློབ་རྩོམ་སྒྲིག་ཁང་ནས་གཙོ་བོ་འདི་གའི་སློབ་གཉེར་བ་རྣམས་པའི་དགོས་མཁོ་དང་བསྟུན་ཏེ། སྒྲུབ་སྤྲུལ་ཕྲིན་ལས་རྒྱ་མཚོས་མཛད་པའི། བླ་མ་བརྒྱུད་པའི་རྣམ་ཐར་དང་། ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི། (1)ཤེར་ཕྱིན་ལུང་གི་སྙེ་མ་སྟོད་ཆ་སྨད་ཆ། སྔན་ཆད་གཞུང་དེ་ངེད་རྩོམ་སྒྲིག་ཁང་ནས་པར་བསྐྲུན་ཟིན་ཡང་། ད་ཆ་གཅིག་ཀྱང་མ་ལུས་པ་ཚོང་ཚར་པ་དང་། མ་ཟད་སློབ་གླིང་འདི་པའི་ཕར་ཕྱིན་ལོ་རིམ་དང་པོ་དང་གཉིས་པའི་འཆད་ཉན་བྱེད་པའི་གཞུང་ཡིན་སྟབས། སླར་ཡང་ངེད་རྩོམ་སྒྲིག་ཁང་ནས་ལྷག་བསམ་དང་འབད་རྩོལ་མ་ལྷོད་པར་གཞུང་འདི་ཉིད་ལ་སྔར་དང་མ་འདྲ་ས་མངོན་རྟོགས་རྒྱན་གྱི་རྩ་བ་དང་སྦྱར་ནས་འགྲིག་ཡོད་པ་དང་། ད་དུང་ལུང་ཚིག་གསལ་པོ་མེད་པའམ་ལུང་གི་མཚན་དངོས་སུ་མེད་པ་རྣམས་གང་ཐུབ་ཀྱིས་གསར་དུ་ངོས་འཛིན་བྱས་ཏེ་ཁམས་སྒར་དེབ་ཕྲེང་བརྒྱད་པར་པར་བསྐྲུན་བྱས་ཡོད། (2)ལྟ་བ་ངན་སེལ། མཐོང་ལམ་སྟོང་མཐུན། རྟེན་འབྲེལ་རྣམ་བཤད། དེ་སྔ་ངེད་རྩོམ་སྒྲིག་ཁང་ནས་གཞུང་ལྟ་བ་ངན་སེལ་གཅིག་པུ་མཚན་ཉིད་ཕྱོགས་བསྒྲིགས་དང་ལྷན་དུ་པར་བསྐྲུན་བྱས་ཀྱང་། དེབ་འདི་ཡང་ད་སྐབས་རྫོགས་ཤིང་དགོས་མཁོ་ཆེ་བས། སླར་ཡང་མཁས་གྲུབ་ཁོང་གི་གཞུང་གསུམ་པོ་ཕྱོགས་གཅིག་ཏུ་བསྒྲིགས་ནས་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་སྲིད་པར་བསམ་ནས་ཁམས་སྒར་དེབ་ཕྲེང་དགུ་པ་རུ་པར་བསྐྲུན་བྱས་ཡོད་པས། དོན་གཉེར་ཡོད་ན་འདི་གར་འབྲེལ་གཏུག་གནང་རོགས། འབྲེལ་ཡུལ་ཁ་བྱང་། Gmail …
མུ་མཐུད་ཀློགས།པུཎྜ་རི་ཀ་དུས་དེབ་འདོན་ཐེངས་༼༦༽
|• ཉི་ཤུ་ལོའི་ཁམས་སྒར་འབྲུག་མཐོ་སློབ་ཁང་གི་དུས་དེབ་<<པུཎྜ་རི་ཀ>> འདོན་ཐེངས་( ༦ ) ••• ལོ་རེར་ངེད་དཔལ་འབྲུག་པའི་གདམས་ཟབ་གཅེས་སྐྱོང་ཁང་ནས་པུཎྜ་རི་ཀ་ཞེས་པའི་དུས་དེབ་འདི་པར་བསྐྲུན་བྱས་དང་བྱེད་བཞིན་པ། བྱེད་པར་འགྱུར་བ་ཡིན་པས། ད་ལོ་ཡང་བླ་མའི་བྱིན་བརླབས་དང་དགེ་བའི་བཤེས་གཉེན་རྣམ་པའི་སློབ་གསོ་དང་སློབ་གཉེར་བའི་དུས་བཞིའི་ཁྲོད་ནས་སྦྱངས་པའི་ཤེས་ཡོན་ནོར་བུའི་བཅུད་དེ་གང་ཡོད་ཅོག །ལྷག་བསམ་དང་སེམས་ཤུགས་མ་ལྷོད་པའི་རྩོམ་སྒྲིག་པ་རྣམས་ནས་དཀའ་ངལ་ཁྱད་དུ་བསད་དེ་ལོ་འདིའི་འདོན་ཐེངས་དྲུག་པ་དེ་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་ལགས།
མུ་མཐུད་ཀློགས།སློབ་གླིང་གསར་པ་ལེགས་གྲུབ་བྱུང་བ།
འདི་ག་བཀྲ་ཤིས་ལྗོངས་བྱེས་ཀྱི་གདན་ས་ཁམས་པ་སྒར་གྱི་སློབ་གླིང་གསར་བཞེངས་སྐོར། དེ་ཡང་༸སྐྱབས་རྗེ་བདེ་བར་གཤེགས་པ་དཔལ་༸རྒྱལ་བ་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མའི་དགོངས་རྫོགས་སུ་དམིགས་ཏེ། ༸སྐྱབས་རྗེ་མཆོག་གི་ཐུགས་སྲས་འཇམ་དབྱངས་མཁྱེན་བརྩེ་ཡེ་ཤེས་རིན་པོ་ཆེ་ནས་བཤད་གྲྭའི་གཙུག་ལག་ཁང་དང་གྲྭ་ཤག་སོགས་ཀྱི་སློབ་གཉེར་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་པ་དེར། དེང་གི་ཆར་བོད་དང་རྒྱ་གར་འབྲུག་དང་བལ་ཡུལ་སོགས་ཧི་མ་ལའི་རི་བརྒྱུད་ཁུལ་ནས་སློབ་གཉེར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་མི་ཤོང་བའི་དཀའ་ངལ་དང་། མ་འོངས་པར་ཡང་ཇེ་མང་དུ་འགྲོ་ངེས་པའི་རྒྱུ་མཚན་ལ་བརྟེན། མཁན་སློབ་ལྔ་བརྒྱ་ཡས་མས་ཀྱི་འཆད་ཉན་གནང་སའི་སློབ་གཉེར་ཁང་ཚད་ལྡན་ཞིག་གསར་བསྐྲུན་དགོས་ངེས་སུ་སོང་སྟབས། ཕྱི་ལོ་༢༠༠༨ ལོར་བཤད་གྲྭའི་མཁན་པོ་དང་ལས་བྱེད་རྣམ་པས་སློབ་གླིང་གསར་བཞེང་གི་སྐོར་༸དཔལ་རྒྱལ་བ་མདོ་ཁམས་པ་རིན་པོ་ཆེ་མཆོག་གིས་གཙོས་༸སྐྱབས་རྗེ་གོང་མའི་ཐུགས་སྲས་བླ་སྤྲུལ་རྣམ་པར་སྙན་གསན་ཞུས་མོད། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་སྐབས་དེའི་དུས་ཕྱོགས་གང་མང་ཞིག་ལ་གཟིགས་དགོས་པ་བརྟེན་། ཕྱི་ལོ་༢༠༠༩ ལོར་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་སློབ་གླིང་གསར་བསྐྲུན་གྱི་འཆར་གཞི་དང་དཔལ་འབྱོར་ཐད་ནས་མཐུན་འགྱུར་གནང་སྐྱོང་ཡོང་བར་གསོལ་འདེབས་ཞུས་དོན་ལྟར། ༸རྒྱལ་དབང་མཆོག་ནས་ཁོང་གི་སྦྱིན་བདག་ཞིག་ལ་སློབ་གླིང་གསར་བསྐྲུན་ཆེད་དུ་རོགས་རམ་གང་ནུས་གནང་ཐུབ་ན་དགེ་མཚན་ཡོད་སྐོར་བཀའ་ཕེབས་པ་བཞིན། སྦྱིན་བདག་དེ་བཀྲ་ཤིས་ལྗོངས་སུ་ཆེད་ཕེབས་མཛད་ནས་མཁན་ལས་རྣམ་པ་དང་བཀའ་མོལ་གནང་སྟེ་སློབ་གླིང་གསར་བསྐྲུན་གྱི་ས་ཆའི་ཆེད་དུ་ཞལ་འདེབས་གང་འཚམས་གནང་། དེ་ནས་བཤད་གྲྭའི་མཁན་ལས་རྣམས་ཀྱིས་སློབ་གླིང་གསར་བསྐྲུན་བྱ་ཡུལ་གྱི་ས་ཆ་བཀྲ་ཤིས་ལྗོངས་ཀྱི་ཉེ་འཁོར་གང་སར་འཚོལ་སྒྲུབ་བྱས་ཀྱང་བསམ་པ་ནང་བཞིན་མ་རྙེད་སྟབས། ༸དཔལ་རྒྱལ་བ་མདོ་ཁམས་བརྒྱད་པ་མཆོག་གིས་གྲྭ་ཚང་དང་གཞིས་ཁོངས་ཀྱི་དུད་ཚང་ཁག་ཅིག་ལ་གནང་བའི་ས་ཞིང་དེར་འགྲོ་ལམ་བདེ་ཞིང་འཛུགས་སྐྲུན་སླ་བ་དང་། དགོན་པ་གྲྭ་ཚང་དང་བར་ཐག་ཉེ་རིང་འཚམས་པ་སོགས་ཀྱིས་ས་གནས་དེར་བཞེང་རྒྱུ་འབྱུང་ན་དགེ་མཚན་སྐོར་དཔལ་རྒྱལ་བ་མདོ་ཁམས་དགུ་པ་མཆོག་དང་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་རིན་པོ་ཆེ། རྟོགས་ལྡན་ཨ་ཆོས་རྣམ་པ་ལ་སྙན་གསན་ཞུས་པས། ༸ སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་མཆོག་གིས་ས་གནས་དེར་སློབ་གླིང་གསར་བསྐྲུན་བྱ་རྒྱུ་བྱུང་ན་ཡག་པོ་འདུག སྐྱབས་རྗེ་བདེ་བར་གཤེགས་པ་རྒྱལ་བ་མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ་མཆོག་གིས་ཐུབ་བསྟན་བཤད་སྒྲུབ་ཆེད་དུ་ས་ཆ་དེ་དག་གཟིགས་པ་སོགས་རྗེ་གོང་མའི་ཐུགས་ཀྱི་དགོངས་པ་གང་ཡིན་པ། …
མུ་མཐུད་ཀློགས།