གཙོ་ངོས། / ལེ་ཚན་གཞན། / གཞི་རིམ་སློབ་གྲྭའི་ལོ་ཕྱེད་ཡིག་རྒྱུགས།

གཞི་རིམ་སློབ་གྲྭའི་ལོ་ཕྱེད་ཡིག་རྒྱུགས།

རྗེས། སྔོན།
རྗེས། སྔོན།
བོད་རྒྱལ་ལོ་ ༢༡༤༧ ལོའི་བོད་ཟླ་ ༦ པའི་ཚེས་༡༡ དང་། སྤྱི་ལོ་2020 སྤྱི་ཟླ་ 07 སྤྱི་ཚེས་30 ཉིན་མོར་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཞི་རིམ་སློབ་གྲྭའི་ལོ་ཕྱེད་ཡིག་རྒྱུགས་བཏང་ཞིང་། གཞི་རིམ་སློབ་གྲྭར་རྩ་བའི་འཛིན་གྲྭ་བརྒྱད་པའི་བར་ཡོད་པ་ལས། ལོ་འདིར་འཛིན་གྲྭ་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་འཛིན་གྲྭ་ལྔ་འཚོགས་ཐུབ་ཡོད།།
༈ འཛིན་གྲྭ་སོ་སོའི་སློབ་ཚན་ནི།
འཛིན་རིམ་གསུམ་པ། སྦྱོར་ཀློག་ཚེག་འདེད་དང་སྡོམ་འདེད། དབྱིན་ཡིག །ཨང་རྩིས།
འཛིན་རིམ་བཞི་པ། སློབ་ཆུང་དག་ཡིག་གཙོས་དག་ཡིག་ཁག་དང་། དབྱིན་ཡིག །ཨང་རྩིས། ཉེར་མཁོའི་ཞལ་འདོན་སོགས་བློ་འཛིན།
འཛིན་རིམ་ལྔ་པ། བརྡ་སྤྲོད་ལེགས་བཤད་ལྗོན་དབང་དང་། དཀའ་གསལ་གཉིས་རྩ་བ་བློ་འཛིན་དང་། དབྱིན་ཡིག །ཨང་རྩིས།
འཛིན་རིམ་དྲུག་པ། བརྡ་སྤྲོད་ལེགས་བཤད་ལྗོན་དབང་དང་དཀའ་གསལ་གཉིས་བསྐྱར་སྦྱོང་དང་། བཤེས་པའི་སྤྲིངས་ཡིག དབྱིན་ཡིག །ཨང་རྩིས།
འཛིན་རིམ་བདུན་པ། བརྡ་སྤྲོད་སུམ་རྟགས་གཉིས་རྩ་བ་དང་བྱ་ཚིག་ཡོངས་རྫོགས་བློ་འཛིན་དང་། ས་ལེགས། རྒྱལ་སྲས་ལག་ལེན་རྩ་བ་བློ་འཛིན་དང་། དགེ་ཚུལ་གྱི་བསླབ་བྱ་ལྔ་བཅུ་པ་བཅས་སོ།།

Check Also

བསླབ་པ་མཐར་སོན་གྱི་མཛད་སྒོ་ལེགས་གྲུབ་བྱུང་བ།

བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༠༤ ཕྱི་ཚེས་ ༡༤ ཉིན་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་ཁང་དུ། ངེས་པ་དོན་གྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་རྟོགས་ལྡན་ཆོས་ཀྱི་བློ་གྲོས་མཆོག་དབུ་བཞུགས་ཐོག་འདི་ག་མཐོ་སློབ་ནས། སློབ་ཐོན་པའི་ཕྱག་ཁྱེར་དང་། ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར། ལོ་འཁོར་རྒྱུགས་སྤྲོད་རྩེར་སོན་རྣམས་ལ་གཟིགས་བཟོས་གསོལ་རས་གནང་བ་བཅས་ཀྱི་མཛད་སྒོ་སྟབས་གཅིག་ཏུ་བསྐྱངས་ཡོད། དེ་ཡང་སྔར་ལོ་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་མུ་མཐུད་ཁྱབ་བརྡལ་འགྲོ་བཞིན་པར་རྟེན། འདི་ག་མཐོ་སློབ་ཁང་གི་བསྟན་པའི་བདག་པོ། …

Show Buttons
Hide Buttons