གཙོ་ངོས། / གཟིགས་སྐོར། / སྐབས་བརྒྱད་པའི་མཁན་པོ་མངལ་གསོལ་གྱི་མཛད་སྒོ།

སྐབས་བརྒྱད་པའི་མཁན་པོ་མངལ་གསོལ་གྱི་མཛད་སྒོ།

  • སྐབས་བརྒྱད་པའི་མཁན་པོ་མངལ་གསོལ་གྱི་མཛད་སྒོ།

 

བོད་རྒྱལ་ལོ་ ༢༡༥༡ བོད་ཟླ་ ༢ ཚེས་ ༧ སྟེ། གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་དགེ་བའི་ཉིན་མོ་འདིར། དོན་བརྒྱུད་བསྟན་པའི་སྲོག་ཤིང་༧ དཔལ་རྒྱལ་བ་མདོ་ཁམས་པ་ངེས་དོན་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག །འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་ཁང་དུ། བཤད་གྲྭའི་སྐབས་བརྒྱད་པའི་མཁན་པོ་མངའ་གསོལ་དང་། ཕྱི་ལོ་ ༢༠༢༣ ཕར་ཕྱིན་སློབ་མཐར་ཕྱིན་པའི་སློབ་གཉེར་བ་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར། ཕྱི་ལོ་༢༠༢༢ དང་། ༢༠༢༣ ལོར་སློབ་མཐར་ཕྱིན་པའི་བཤད་གྲྭའི་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་སློབ་ཐོན་པའི་ཕྱག་ཁྱེར། ལོ་སྔོན་མའི་རྒྱུགས་འབྲས་རྩེར་སོན་རྣམས་ལ་ལེགས་གསོལ་བྱ་དགའ་དང་། འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི་ཁག་གཅིག་ལ་ལེགས་དར་འབུལ་རྒྱུ་བཅས་ཀྱི་མཛད་རིམ་གཤམ་གསལ།
མཛད་རིམ་དང་པོ།
༧དཔལ་རྒྱལ་བ་མདོ་ཁམས་པ་ཆེན་པོ་མཆོག་གཙུག་ལག་ཁང་དུ་ཆིབ་བསྒྱུར་བཀའ་དྲིན་བསྐྱངས་ཏེ་སྟོན་པའི་སྤྱན་སྔར་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་རྒྱུ་དང་། དཀོན་མཆོག་རྗེས་དྲན་གྱི་མདོ་དང་། ཡན་ལག་བརྒྱད་པ་སོགས་གསུངས་ཏེ་མཛད་སྒོ་དབུ་འཛུགས་གནང་།
མཛད་རིམ་གཉིས་པ།
བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བྱམས་པ་ཡོན་ཏན་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་།
མཛད་རིམ་གསུམ་པ།
འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་ངག་དབང་ཆོས་བཟང་མཆོག་གིས་སྐབས་བརྒྱད་པའི་མཁན་པོ་རྣམས་དང་། ཕྱི་ལོ་ ༢༠༢༣ ལོར་ཕར་ཕྱིན་སློབ་མཐར་ཕྱིན་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པ། ཕྱི་ལོ་༢༠༢༢ དང་། ༢༠༢༣ ལོར་བཤད་གྲྭའི་གཞི་རིམ་སློབ་མཐར་ཕྱིན་པའི་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་དང་། ཕྱི་ལོ་ ༢༠༢༣ ལོར་རྒྱུགས་འབྲས་རྩེར་སོན་གྱི་སློབ་གཉེར་བ་བཅས་ཀྱི་མཚན་ཐོ་སྒྲོག་སྦྱང་གནང་བ་དང་འབྲེལ། ༧དཔལ་རྒྱལ་བ་མདོ་ཁམས་པ་མཆོག་གིས་སྐབས་བརྒྱད་པའི་མཁན་པོའི་ཕྱག་འཁྱེར་དང་། ཕྱི་ལོ་༢༠༢༣ ལོར་ཕར་ཕྱིན་སློབ་མཐར་ཕྱིན་པའི་སློབ་གཉེར་བ་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར། ཕྱི་ལོ་ ༢༠༢༢ དང་། ༢༠༢༣ ལོར་སློབ་མཐར་ཕྱིན་པའི་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་སློབ་ཐོན་པའི་ཕྱག་ཁྱེར་གནང་།
མཛད་བཞི་པ།
མཁན་པོ་བློ་གསལ་བཟང་པོ་མཆོག་གིས་ལོ་སྔོན་མའི་རྒྱུགས་འབྲས་རྩེར་སོན་གྱི་བཤད་གྲྭའི་སློབ་གཉེར་བ་རྣམས་ལ་ལེགས་གསོལ་བྱ་དགའ་གནང་།
མཛད་རིམ་ལྔ་པ།
མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་གིས་ལོ་སྔོན་མའི་རྒྱུགས་འབྲས་རྩེར་སོན་གྱི་གཞི་རིམ་སློབ་གྲྭའི་སློབ་གཉེར་བ་རྣམས་ལ་ལེགས་གསོལ་བྱ་དགའ་གནང་།
མཛད་རིམ་དྲུག་པ།
མཁན་པོ་བྱམས་པ་ཡོན་ཏན་མཆོག་གིས་བཤད་གྲྭའི་སློབ་གཉེར་བའི་ཁོངས་ནས་ལོ་གཅིག་རིང་ལྷག་བསམ་རྣམ་དག་གིས་དཀོར་གཉེར་དང་ཆུ་གློག་གདན་བཅས་ལ་ལྟ་རྟོག་གི་ཕྱག་ལས་གནང་མཁན་རྣམས་ལ་ལེགས་གསོལ་བྱ་དགའ་གནང་།
མཛད་རིམ་བདུན་པ།
འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་མཁན་པོ་འཇིགས་མེད་བློ་གྲོས་མཆོག་གིས་རྒྱུན་ལས་དང་ཚོགས་མི་ཁག་ཅིག་གི་མཚན་ཐོ་སྙན་སྒྲོན་དང་འབྲེལ། ༧དཔལ་རྒྱལ་བ་མདོ་ཁམས་པ་མཆོག་གིས་ཚོགས་མི་ཁག་གཅིག་ལ་ལེགས་དར་གནང་།
མཛད་རིམ་བརྒྱད་པ།
དཔལ་རྒྱལ་བ་མདོ་ཁམས་པ་མཆོག་གིས་དགེ་སློབ་རྣམས་ལ་བླང་དོར་བཀའ་སློབ་དཀའ་དྲིན་བསྩལ།
མཛད་རིམ་དགུ་པ།
བཤད་གྲྭའི་ཆོས་ཁྲིམས་རྒན་པ་སློབ་དཔོན་ངག་དབང་གཡང་འཕེལ་མཆོག་གིས་ཐུགས་རྗེ་ཆེའི་གསུང་བཤད་གནང་།
མཛད་རིམ་བཅུ་པ།
མཁན་སློབ་འདུས་མང་ཡོངས་ཀྱིས་སྐབས་བརྒྱད་པའི་མཁན་པོ་རྣམས་ལ་རྟེན་འབྲེལ་མཇལ་དར་འབུལ་བ་དང་འབྲེལ། མཇུག་མཐར་རྒྱལ་བསྟན་དར་ཞིང་འགྲོ་ཀུན་ཕྱིར་བསྟན་རྒྱས་སྨོན་ལམ་སོགས་ཀྱི་མཐའ་རྒྱན་ཏེ་མཛད་སྒོ་བཀྲ་ཤིས་བདེ་ལེགས་ཀྱི་ངང་དུ་གྲོལ།

Check Also

༢༠༢༢ ལོའི་ལོ་ཕྱེད་ཡིག་རྒྱུགས།

བོད་རྒྱལ་ལོ་ ༢༡༤༩ ལོའི་བོད་ཟླ་ ༦ པའི་ཚེས་༡༢ དང་། སྤྱི་ལོ་2022སྤྱི་ཟླ་ 08 སྤྱི་ཚེས་09 ཉིན་འདི་ག་འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གི་ལོ་ཕྱེད་ཡིག་རྒྱུགས་ལ་ཁེལ་བས། འཛིན་གྲྭ་ཁག་གི་ཟུར་སྦྱོང་ཐུན་མོང་རིག་གནས་དང་། དབྱིན་ཡིག་གི་རྒྱུགས་སྤྲོད་ཉེ་སྔོན་གྲུབ་ནས། དེ་རིང་དངོས་གཞི་གཞུང་ཆེན་སོ་སོའི་ལོ་ཕྱེད་རྒྱུགས་སྤྲོད་གནང་ཡོད།

Leave a Reply

Your email address will not be published. Required fields are marked *

Show Buttons
Hide Buttons