གཙོ་ངོས། / གཟིགས་སྐོར། / | • ༢༠༢༣ བསླབ་པ་མཐར་སོན་གྱི་མཛད་སྒོ། 

| • ༢༠༢༣ བསླབ་པ་མཐར་སོན་གྱི་མཛད་སྒོ། 

|| • ༢༠༢༣ བསླབ་པ་མཐར་སོན་གྱི་མཛད་སྒོ། 

2023 བསླབ་པ་མཐར་སོན་མཁན་ལྷན་དུ།

བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༢ ཚེས་ ༡༦ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མོར་འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། ཕྱི་ལོ་ ༢༠༢༢ ལོའི་བཤད་གྲྭའི་བསླབ་པ་མཐར་སོན་པ་རྣམས་ལ་སློབ་ཐོན་པའི་ཕྱག་ཁྱེར་དང་། ཕར་ཕྱིན་རབ་འབྱམས་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར། བཤད་གྲྭ་དང་བཤད་གྲྭའི་གཞི་རིམ་སློབ་གྲྭའི་ལོ་སྔོན་མའི་རྒྱུགས་འབྲས་ཨང་རིམ་རྩེར་སོན་རྣམས་ལ་ལེགས་གསོལ་བྱ་དགའ་དང་། སྐབས་གཉིས་པའི་འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ཚོགས་མི་གསར་པ་རྣམས་ལ་ལེགས་དར་འབུལ་རྒྱུ་བཅས་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།

བཤད་གྲྭའི་རྒྱུན་ལས་རྣམ་པའི་ལྷན་དུ།

དེའང་སྔ་དྲོའི་ཕྱག་ཚོད་ ༡༠ པའི་ཐོག་བསྟན་པའི་བདག་པོ་ ༧ དཔལ་རྒྱལ་བ་མདོ་ཁམས་པ་ངེས་དོན་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག མཁན་སྤྲུལ་དགེ་ལས་རྣམ་པས་གཙོས་དགེ་འདུན་པ་རྣམས་བཞུགས་གྲལ་འཁོད་མཚམས་སུ། དཀོན་མཆོག་རྗེས་དྲན་གྱི་མདོ་དང་ཡན་ལག་བརྒྱད་པ་སོགས་གསུངས་ཏེ་མཛད་སྒོ་དབུ་འཛུགས་གནང་། དེ་ནས་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བྱམས་པ་ཡོན་ཏན་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་།

དེའི་རྗེས་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་ཡོན་ཏན་མཐའ་ཡས་མཆོག་གིས་སློབ་ཐོན་པ་རྣམས་དང་། ཕར་ཕྱིན་རབ་འབྱམས་པ། རྒྱུགས་འབྲས་རྩེར་སོན་རྣམས་ཀྱི་མཚན་ཐོ་སྒྲོག་སྦྱང་གནང་བ་དང་འབྲེལ། ༧དཔལ་རྒྱལ་བ་མདོ་ཁམས་པ་མཆོག་གིས་གིས་སློབ་ཐོན་པ་དང་ཕར་ཕྱིན་རབ་འབྱམས་པ་རྣམ་པར་ཕྱག་འཁྱེར་བཀའ་དྲིན་བསྩལ། དེའི་རྗེས་མཁན་པོ་བློ་གསལ་བཟང་པོ་མཆོག་གིས་ལོ་སྔོན་མའི་བཤད་གྲྭའི་རྒྱུགས་འབྲས་རྩེར་སོན་རྣམས་ལ་ལེགས་གསོལ་བྱ་དགའ་གནང་བ་དང་། སྤྲུལ་སྐུ་སྤོབས་པ་རིན་པོ་ཆེ་མཆོག་གིས་དམིགས་བསལ་བློ་རྒྱུགས་དང་བཤད་གྲྭའི་གཞི་རིམ་སློབ་གྲྭ། ཟུར་སྦྱོང་སྐད་ཡིག་རྒྱུགས་འབྲས་རྩེར་སོན་བཅས་ལ་ལེགས་གསོལ་བྱ་དགའ་གནང་བ་དང་།

མཁན་པོ་བྱམས་པ་ཡོན་ཏན་མཆོག་གིས་བཤད་གྲྭའི་སློབ་གཉེར་བའི་ཁོངས་ནས་དཀོར་གཉེར་དང་ཆུ་གློག་སོགས་ལ་ལྟ་རྟོག་གནང་མཁན་རྣམས་ལ་ལེགས་གསོལ་བྱ་དགའ་བཅས་གནང་། དེའི་རྗེས་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་མཁན་པོ་འཇིགས་མེད་བློ་གྲོས་མཆོག་གིས་མཁན་ལས་རྣམས་ཀྱི་མཚན་ཐོ་སྙན་སྒྲོན་དང་འབྲེལ། ༧ དཔལ་རྒྱལ་བ་མདོ་ཁམས་པ་མཆོག་གིས་འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ཚོགས་མི་རྣམས་ལ་མཇལ་དར་གནང་གྲུབ་མཚམས་སུ། ཆོས་ཁྲིམས་པ་མཆོག་གིས་ཐུགས་རྗེ་ཆེའི་གསུང་བཤད་དང་མཇུག་མཐར་བསྟན་རྒྱས་སྨོན་ལམ་སོགས་ཀྱི་མཐའ་རྒྱན་ཏེ་མཛད་སྒོ་མཇུག་ལེགས་པར་གྲུབ་བོ། །

Check Also

མཁན་པོར་མངའ་གསོལ།

བྱེས་ཀྱི་གདན་ས་ཁམས་པ་སྒར་གྱི་སྐབས་བདུན་པའི་མཁན་པོར་མངའ་གསོལ་བའི་ལུང་རིགས་སྨྲ་བའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་ནི།   མཁན་པོ་ཐུབ་བསྟན་དགེ་ལེགས་ནི། ཕྱི་ལོ་ ༡༩༩༦ ལོ་ནས་ ༢༠༡༦ བར་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་དང་། གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་། འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་བཅས་སུ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སློབ་གཉེར་རྒྱ་ཆེར་གནང་ཞིང་། ཕྱི་ལོ་ ༢༠༡༧ ལོ་ནས་ཕྱི་ལོ་ ༢༠༢༢ ལོའི་བར་དུ་འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་གཞུང་ཆེན་ཁག་དང་དེ་འབྲེལ་རིག་གནས་བཅས་པར་སློབ་ཁྲིད་གནང་བ་མ་ཟད། …

Leave a Reply

Your email address will not be published. Required fields are marked *

Show Buttons
Hide Buttons