མཁན་པོར་མངའ་གསོལ།

བྱེས་ཀྱི་གདན་ས་ཁམས་པ་སྒར་གྱི་སྐབས་བདུན་པའི་མཁན་པོར་མངའ་གསོལ་བའི་ལུང་རིགས་སྨྲ་བའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་ནི།

 

མཁན་པོ་ཐུབ་བསྟན་དགེ་ལེགས་ནི། ཕྱི་ལོ་ ༡༩༩༦ ལོ་ནས་ ༢༠༡༦ བར་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་དང་། གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་། འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་བཅས་སུ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སློབ་གཉེར་རྒྱ་ཆེར་གནང་ཞིང་། ཕྱི་ལོ་ ༢༠༡༧ ལོ་ནས་ཕྱི་ལོ་ ༢༠༢༢ ལོའི་བར་དུ་འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་གཞུང་ཆེན་ཁག་དང་དེ་འབྲེལ་རིག་གནས་བཅས་པར་སློབ་ཁྲིད་གནང་བ་མ་ཟད། ལོ་ངོ་གསུམ་གྱི་རིང་དུ་ཤེས་ཡོན་འགན་འཛིན་པའི་ཐུགས་འགན་བཞེས་ཡོད།

 

 

 

 

 

མཁན་པོ་ངག་དབང་ཆོས་བཟང་ནི། ཕྱི་ལོ་༢༠༠༢ ལོ་ནས་ ༢༠༡༦ ལོའི་བར་དུ་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་དང་། འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་བཅས་སུ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སློབ་གཉེར་རྒྱ་ཆེར་གནང་ཞིང་། ཕྱི་ལོ་ ༢༠༡༧ ལོ་ནས་ ༢༠༢༢ ལོའི་བར་དུ་འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་ར་དང་། བྱེས་ཀྱི་རྡོ་རྫོང་དགོན་བཅས་སུ་གཞུང་ཆེན་ཁག་དང་དེ་འབྲེལ་རིག་གནས་བཅས་པར་སློབ་ཁྲིད་གནང་བ་མ་ཟད། ཕྱི་ལོ་ ༢༠༢༡ ལོར་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས་ཡོད།

 

 

མཁན་པོ་ཡོན་ཏན་མཐའ་ཡས་ནི། ཕྱི་ལོ་༢༠༠༢ ལོ་ནས་ ༢༠༡༨ ལོའི་བར་དུ་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་། འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་བཅས་སུ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སློབ་གཉེར་རྒྱ་ཆེར་གནང་ཞིང་། ཕྱི་ལོ་༢༠༡༩ ལོ་ནས་ ༢༠༢༢ ལོའི་བར་དུ་འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་གཞུང་ཆེན་ཁག་དང་དེ་འབྲེལ་རིག་གནས་བཅས་པར་སློབ་ཁྲིད་གནང་བ་མ་ཟད། དཔལ་འབྲུག་པའི་གདམས་ཟབ་གཅེས་སྐྱོང་ཁང་དུ་རྩོམ་སྒྲིག་པའི་ཐུགས་འགན་བཞེས་བཞིན་ཡོད།

 

 

མཁན་པོ་འཇིགས་མེད་བློ་གྲོས་ནི། ཕྱི་ལོ་ ༢༠༠༢ ལོར་འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་སློབ་ཞུགས་གནང་སྟེ། ཕྱི་ལོ་ ༢༠༡༡ ལོར་བསླབ་པ་མཐར་ཕྱིན་ཅིང་། ཕྱི་ལོ་ ༢༠༡༢ ལོ་ནས་ཕྱི་ལོ་༢༠༡༥ ལོའི་བར་ས་རཱ་མཐོ་སློབ་དུ་བོད་ཀྱི་རིག་གནས་ཆེད་སྦྱོང་གིས་རིག་གནས་ལ་ཆེད་སྦྱོང་བྱས། ཕྱི་ལོ་༢༠༡༦ ནས་ ༢༠༢༢ ལོའི་བར་དུ་མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་རྒྱ་གར་དང་། ཐེ་ལན། ཨ་རི་བཅས་སུ་དབྱིན་ཡིག་ཆེད་སྦྱོང་གནང་བ་མ་ཟད། འདི་ལོར་དབྱིན་ཡིག་སློབ་ཁྲིད་དང་བཤད་གྲྭའི་ཡིག་ཚང་དུ་ཕྱག་ལས་གནང་བཞིན་ཡོད།

 

 

མཁན་པོ་སྐལ་བཟང་ཟླ་བ་ནི། ཕྱི་ལོ་ ༢༠༠༦ ལོར་འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་སློབ་ཞུགས་གནང་སྟེ་ཕྱི་ལོ་ ༢༠༡༥ ལོར་བསླབ་པ་མཐར་ཕྱིན་ཅིང་། དེ་ནས་ལྷོ་འབྲུག་རིན་ཆེན་གླིང་བཤད་གྲྭར་ཕེབས་ཏེ་ཕྱི་ལོ་༢༠༢༢ ལོའི་བར་དུ་དཔེ་ཁྲིད་གནང་བ་མ་ཟད། ད་ལོར་དེ་གའི་བཤད་གྲྭའི་དབུ་འཛིན་གཞོན་པའི་ཐུགས་འགན་བཞེས་བཞིན་ཡོད།

 

 

 

མཁན་པོ་བསམ་གཏན་ལྷུན་འགྲུབ་ནི། ཕྱི་ལོ་ ༢༠༠༦ ལོར་འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་སློབ་ཞུགས་གནང་སྟེ་ཕྱི་ལོ་ ༢༠༡༥ ལོར་བསླབ་པ་མཐར་ཕྱིན་ཅིང་། ཕྱི་ལོ་ ༡༠༡༦ ལོར་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས་པ་དང་། ཕྱི་ལོ་༢༠༡༧ ལོ་འདི་ག་མཐོ་སློབ་དང་ཟངས་དཀར་བཅས་སུ་དཔེ་ཁྲིད་གནང་ཡོད། ཕྱི་ལོ་ ༢༠༡༨ ནས་ཕྱི་ལོ་ ༢༠༢༢ ལོའི་བར་དུ་བཤད་གྲྭའི་གཞི་རིམ་སློབ་གྲྭར་གཟིགས་རྟོགས་དང་སློབ་ཁྲིད་གནང་བཞིན་ཡོད།

 

 


མཁན་པོ་མཆོད་རྟེན་འཇིགས་རྒྱལ་ནི། ཕྱི་ལོ་ ༢༠༠༦ ལོར་འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་སློབ་ཞུགས་གནང་སྟེ་ཕྱི་ལོ་ ༢༠༡༥ ལོར་བསླབ་པ་མཐར་ཕྱིན་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཆོས་ཁྲིམས་ཀྱི་ཐུགས་འགན་བཞེས། དེ་ནས་ཕྱི་ལོ་༢༠༡༨ ལོའི་བར་དུ་འདི་ག་མཐོ་སློབ་ཁང་དུ་དཔེ་ཁྲིད་གནང་ཞིང་། ཕྱི་ལོ་ ༢༠༡༩ ལོ་ནས་ཕྱི་ལོ་ ༢༠༢༢ ལོའི་བར་དུ་ལྷོ་འབྲུག་ཤར་ཕྱོགས་སྔགས་གྲྭ་རྡོ་རྗེ་ཆོས་སྒར་སུ་དཔེ་ཁྲིད་གནང་བཞིན་ཡོད།

 

 


མཁན་པོ་འཇིགས་མེད་ཚེ་རིང་ནི། ཕྱི་ལོ་ ༢༠༠༦ ལོར་འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་སློབ་ཞུགས་གནང་སྟེ་ཕྱི་ལོ་ ༢༠༡༥ ལོར་བསླབ་པ་མཐར་ཕྱིན་ཅིང་། དེ་ནས་ཕྱི་ལོ་ ༢༠༢༢ ལོའི་བར་དུ་ལྷོ་འབྲུག་རིན་ཆེན་གླིང་དང་ཕུན་ཚོགས་གླིང་བཤད་གྲྭ་བཅས་སུ་དཔེ་ཁྲིད་གནང་བཞིན་པ་ལགས་སོ།།

Check Also

| • ༢༠༢༣ བསླབ་པ་མཐར་སོན་གྱི་མཛད་སྒོ། 

|| • ༢༠༢༣ བསླབ་པ་མཐར་སོན་གྱི་མཛད་སྒོ།  བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༢ ཚེས་ ༡༦ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མོར་འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། ཕྱི་ལོ་ ༢༠༢༢ ལོའི་བཤད་གྲྭའི་བསླབ་པ་མཐར་སོན་པ་རྣམས་ལ་སློབ་ཐོན་པའི་ཕྱག་ཁྱེར་དང་། ཕར་ཕྱིན་རབ་འབྱམས་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར། …

Leave a Reply

Your email address will not be published. Required fields are marked *

Show Buttons
Hide Buttons