གཙོ་ངོས། / གལ་ཆེན།

གལ་ཆེན།

དབྱར་གནས། ༢༠༢༣

འདི་ག་འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་བོད་ཟླ་༦་པའི་ཚེས་༡༥ ལ་དབྱར་གནས་ཀྱི་སྟ་གོན་དང་། དེ་རིང་སྔ་དྲོ་ནས་ཟླ་བ་གཅིག་དང་ཕྱེད་རིང་ལ་བཤད་གྲྭའི་དགེ་སློང་ཉི་ཤུ་རྩ་གསུམ་དང་། དགེ་ཚུལ་དྲུག་ཅུ་རེ་དྲུག་ཙམ་གྱིས་དབྱར་གནས་པར་ཁས་བླངས་གནང་སོང་། དབྱར་གནས་པའི་དགོས་པ་དང་ཕན་ཡོན།འདུལ་བ་ལས། ༡༽དབྱར་གནས་མ་བྱས་པའི་ཉེས་པ་ཁེགས་པ་དང་། ༢༽དབྱར་ས་གཞི་ལ་སྲོག་ཆགས་ཕྲ་མོ་མང་དུ་རྒྱུ་བའི་དུས་སུ་འགྲོ་འདུག་མང་པོ་བྱས་ཏེ་སྲོག་ཆགས་ལ་གནོད་པས་སྲོག་ཆགས་ལ་གནོད་པ་སྤོང་བ་དང༌། ༣༽གླེང་གཞི་ལས་འབྱུང་བ་ལྟར་མུ་སྟེགས་ཅན་སོགས་གཞན་མ་དད་པ་དག་གིས་འཕྱ་བ་སྤོང་བ་དང༌། ༤༽དབྱར་ཆར་ཆུ་རྒྱས་པའི་དུས་སུ་རྒྱུ་འགྲུལ་མང་པོ་བྱས་ན་རང་གི་ལུས་སྲོག་ལ་གནོད་པ་འབྱུང་ཉེན་ཆེ་བ་ལུས་སྲོག་ལ་གནོད་པ་སྤོང་བ་དང༌། ༥༽དོན་དང་བྱ་བ་མང་པོ་སྤངས་ནས་དོན་ཉུང་ཞིང་བྱ་བ་ཉུང་ངུས་དབྱར་གནས་པར་བྱ་བ་དང༌། ༧༽དབྱར་གྱི་དུས་སུ་གནས་ཁང་དོར་ཏེ་ཐག་རིང་པོར་ཕྱིན་ན་གནས་ཁང་རལ་བ་དང་གྲུམས་པ་སོགས་ཀྱི་སྒོ་ནས་ཆུད་ཟ་བར་འགྱུར་བས། གནས་རལ་བ་དང་གྲུམས་པ་འཆོས་པར་འགྱུར་པ་དང༌། ༨༽དབྱར་གནས་ལ་བརྟེན་ནས་དགག་དབྱེ་དང་སྲ་བརྐྱང་འབྱུང་བ་སོགས་ཕན་ཡོན་ཤིན་ཏུ་མང་ངོ༌།། • དེ་ཡང་དབྱར་ཁྲིམས་སུ་བྱ་བ་ནི། • དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བར་བྱ་བ་འདི་དང༌། ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་པས་བསླབ་པར་བྱ་བ་འདི་དང༌། དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བསྐྱེད་པར་བྱ་བ་འདི་དང༌། ལྟུང་བ་གླེང་དྲན་མི་བྱ་བ་དང༌། དབྱར་ནང་དུ་ནན་ཏུར་བྱེད་པ་སྤང་བ་དང༌། …

མུ་མཐུད་ཀློགས།

| • ༢༠༢༣ བསླབ་པ་མཐར་སོན་གྱི་མཛད་སྒོ། 

|| • ༢༠༢༣ བསླབ་པ་མཐར་སོན་གྱི་མཛད་སྒོ།  བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༢ ཚེས་ ༡༦ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མོར་འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། ཕྱི་ལོ་ ༢༠༢༢ ལོའི་བཤད་གྲྭའི་བསླབ་པ་མཐར་སོན་པ་རྣམས་ལ་སློབ་ཐོན་པའི་ཕྱག་ཁྱེར་དང་། ཕར་ཕྱིན་རབ་འབྱམས་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར། བཤད་གྲྭ་དང་བཤད་གྲྭའི་གཞི་རིམ་སློབ་གྲྭའི་ལོ་སྔོན་མའི་རྒྱུགས་འབྲས་ཨང་རིམ་རྩེར་སོན་རྣམས་ལ་ལེགས་གསོལ་བྱ་དགའ་དང་། སྐབས་གཉིས་པའི་འཛིན་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ཚོགས་མི་གསར་པ་རྣམས་ལ་ལེགས་དར་འབུལ་རྒྱུ་བཅས་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད། དེའང་སྔ་དྲོའི་ཕྱག་ཚོད་ ༡༠ …

མུ་མཐུད་ཀློགས།

ཀུན་མཁྱེན་པདྨ་དཀར་པོའི་འདས་མཆོད།

ཧོར་ཟླ་བདུན་པའི་ཚེས་བཅོ་ལྔ་ལ་ཀུན་མཁྱེན་རྫོགས་པའི་སངས་རྒྱས་མི་ཕམ་པད་མ་དཀར་པོ་དགོངས་པ་ཆོས་དབྱིངས་སུ་མཉམ་པར་བཞག་པའི་རྗེས་དྲན་གྱི་ཚུལ་དུ། དེ་རིང་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་མཁན་སློབ་དང་། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་གི་མཁན་སློབ་མཉམ་བཞུགས་འོག་སྔ་དྲོའི་ཆར་གཞུང་ཆེན་ལྔའི་བགྲོ་གླེང་དང་། ཕྱི་དྲོའི་ཆར་དམ་བཅའ་ཆེན་མོ་ཚོགས་པའི་པར་བརྙན།

མུ་མཐུད་ཀློགས།

མཁན་པོར་མངའ་གསོལ།

བྱེས་ཀྱི་གདན་ས་ཁམས་པ་སྒར་གྱི་སྐབས་བདུན་པའི་མཁན་པོར་མངའ་གསོལ་བའི་ལུང་རིགས་སྨྲ་བའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་ནི།   མཁན་པོ་ཐུབ་བསྟན་དགེ་ལེགས་ནི། ཕྱི་ལོ་ ༡༩༩༦ ལོ་ནས་ ༢༠༡༦ བར་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་དང་། གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་། འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་བཅས་སུ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སློབ་གཉེར་རྒྱ་ཆེར་གནང་ཞིང་། ཕྱི་ལོ་ ༢༠༡༧ ལོ་ནས་ཕྱི་ལོ་ ༢༠༢༢ ལོའི་བར་དུ་འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་གཞུང་ཆེན་ཁག་དང་དེ་འབྲེལ་རིག་གནས་བཅས་པར་སློབ་ཁྲིད་གནང་བ་མ་ཟད། ལོ་ངོ་གསུམ་གྱི་རིང་དུ་ཤེས་ཡོན་འགན་འཛིན་པའི་ཐུགས་འགན་བཞེས་ཡོད།         …

མུ་མཐུད་ཀློགས།

ཕྱི་ལོ་༢༠༢༡ ལོའི་བཤད་གྲྭའི་བསླབ་པ་མཐར་སོན་རྣམས་ཀྱི་མཛད་སྒོ།

བོད་རྒྱལ་ལོ་༢༡༤༩ རབ་གནས་ཆུ་སྟག་ལོའི་བོད་ཟླ་དང་པོའི ཚེས་ ༢༨ དང་། ཕྱི་ལོ་ ༢༠༢༢། ༣། ༣༠ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན། འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ། གུས་རྟག་སྦྱོར་བའི་བརྩོན་པ་ལྷུར་བཞེས་པས་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་གསན་སྦྱངས་མཐའ་རྒྱ་བཅད་པའི་བཤད་གྲྭའི་སློབ་གཉེར་བ་ཁག་ལ་སྔར་སྲོལ་བཞིན་ཕྱི་ལོ་ ༢༠༢༡ ལོའི་བསླབ་པ་མཐར་སོན་པའི་ཕྱག་འཁྱེར་གནང་བ་དང་། བསྡུས་གྲྭ་བློ་རྟགས་ནས་ཕར་ཕྱིན་ལོ་རིམ་གསུམ་བར་རིགས་ལམ་བརྒལ་བརྟག་གི་སྒོ་ནས་སྦྱང་བརྩོན་དཔྱིས་ཕྱིན་པ་གནང་བའི་སློབ་གཉེར་བ་ཁག་གཅིག་ལ་ཕར་ཕྱིར་རབ་འབྱམས་པའི་ཕྱག་འཁྱེར་གནང་བ་དང་། སློབ་གཉེེར་བ་རྩེ་ཕུད་ཁག་ཅིག་ལ་སྐྱོར་དཔོན་གྱི་མཚན་གནས་ཕུལ་བ། དེ་བཞིན་བཤད་གྲྭའི་གཞི་རིམ་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་ཐོན་མཁན་རྣམས་ལ་གཞི་རིམ་སློབ་ཐོན་པའི་ཕྱག་འཁྱེར་གནང་བ་དང་། བཤད་གྲྭའི་སློབ་གཉེར་བ་རྒྱུགས་འབྲས་རྩེར་སོན་རྣམས་དང་། བཤད་གྲྭའི་གཞི་རིམ་སློབ་གྲྭའི་ལོ་སྔོན་མའི་རྒྱུགས་འབྲས་ཨང་རིམ་རྩེར་སོན་རྣམས་ལ་ལེགས་གསོལ་བྱ་དགའ་འབུལ་རྒྱུ་བཅས་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་ཡོད།དེའང་སྔ་དྲོའི་ཕྱག་ཚོད་ ༡༠ …

མུ་མཐུད་ཀློགས།

འདི་ལོའི་བཤད་གྲྭའི་ཞབས་རིམ།

༧ དཔལ་རྒྱལ་བ་མདོ་ཁམས་པ་དགུ་པ་༸ ངེས་དོན་བཤད་སྒྲུབ་ཉི་མ་མཆོག་ལ། སྔར་རྒྱུན་བཞིན་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གི་འདི་ལོར་ཞབས་རིམ་དགོངས་བརྟགས་ཞུས་འབྲས། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་གསུམ་དག་སྒྲོག་དང་། བཟང་སྤྱོད་སྨོན་ལམ། ཞེ་ཆེན་རྒྱལ་ཚབ་ཀྱིས་མཛད་པའི་བཀྲ་ཤིས་ཆོས་མཆོག །བར་བསམ་སྒྲོལ་གསུམ། ལྷ་སྨན་རྒྱལ་མོའི་འཕྲིན་བཅོལ་བཅས་དགོས་པ་ཕེབས་དགོངས་ལྟར། འདི་ག་འཕགས་ཡུལ་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གི་ལོ་སྔོན་མའི་གུང་སེང་གི་དུས་ཡུན་རྫོགས་ཏེ་མཁན་སློབ་འདུས་མང་ཡོངས་སློབ་གླིང་དུ་ཚང་འཛོམས་བྱུང་བ་དང་བསྟུན། དེ་རིང་ནས་བཟུང་ཉིན་གྲངས་གསུམ་གྱི་རིང་བཤད་གྲྭའི་ཞབས་རིམ་དང་། ༧དཔལ་རྒྱལ་བ་མདོ་ཁམས་པ་ཆེན་པོ་གཙོས་པའི་བསྟན་འཛིན་གྱི་སྐྱེ་བུ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ། ནད་མུག་མཚོན་འཁྲུགས་སོགས་དུས་ཀྱི་རྒུད་པ་མཐའ་དག་རང་སར་ཞི་བའི་ཆེད་དུ། འདུས་མང་ཡོངས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ་ལགས་སོ། །༢༣/༣/༢༠༢༢/  

མུ་མཐུད་ཀློགས།

བོད་རྒྱལ་ལོ་ ༢༡༤༨ ལོའི་བོད་ཟླ་ ༦ པའི་ཚེས་༡༡ དང་། སྤྱི་ལོ་2021སྤྱི་ཟླ་ 07 སྤྱི་ཚེས་20 ཉིན་འདི་ག་འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་གི་ལོ་ཕྱེད་ཡིག་རྒྱུགས་ལ་ཁེལ་བས། འཛིན་གྲྭ་ཁག་གི་ཟུར་སྦྱོང་ཐུན་མོང་རིག་གནས་དང་། དབྱིན་ཡིག་གི་རྒྱུགས་སྤྲོད་ཉེ་སྔོན་གྲུབ་ནས། དེ་རིང་དངོས་གཞི་གཞུང་ཆེན་སོ་སོའི་ལོ་ཕྱེད་རྒྱུགས་སྤྲོད་གནང་ཡོད། ལོ་འདི་ལ་ཡང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་རྒྱ་གར་དབུས་དང་། ས་གནས་མངའ་སྡེ་གཞུང་གིས་ནད་ཡམས་སྔོན་འགོག་ཆེད་དུ་ཁྱིམ་སྡོད་བཀའ་རྒྱ་སོགས་རིམ་པར་བྱུང་ཡང་། འདི་ག་སློབ་གླིང་གི་བསླབ་པ་སློབ་གཉེར་མཐུས་ཤོར་མེད་པར། ཕྱི་ནང་རྒྱུ་འགྲུལ་ཉུང་ལྷིང་འཇགས་ངང་རྩ་བའི་འཛིན་གྲྭ་བཅུ་གཉིས་དང་། སློབ་ཐོན་པ་དང་དགེ་རྒན་རྣམ་པས་སྔགས་ཕྱོགས་འཆད་ཉན་བཅས་གང་འཚམས་ཚགས་ཚུད་མཛད་ཡོད། འདི་ལོར་འཛིན་གྲྭ་དང་པོ་བསྡུས་གྲྭ་དང་། གཉིས་པ་བློ་རྟགས། …

མུ་མཐུད་ཀློགས།

ཕྱི་ལོ་༢༠༢༡ ཟླ་༦ ཚེས་༢༨ ཉིན་དབུ་བཟུང་སྟེ་བདུན་ཕྲ་གཉིས་ལྷག་ཙམ་གྱི་རིང་། འཕགས་ཡུལ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རས་གོ་སྒྲིག་འོག་ལོ་ཕྱེད་རྒྱུགས་སྤྲོད་ཀྱི་རང་སྦྱོང་དུས་ཚོད་དང་བསྟུན། མཁན་པོ་བསྟན་འཛིན་སྟོབས་རྒྱལ་མཆོག་གིས་འདི་ག་གཙུག་ལག་སློབ་གཉེར་ཁང་དུ། དཔལ་བཞད་པ་རྡོ་རྗེ་ཉིད་བསམ་བཞིན་དུ་སླར་ཡང་གངས་རིའི་ཁྲོད་དུ་སྒྲུབ་བསྟན་སྤེལ་ཕྱིར་བྱོན་པ་དཔལ་རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་བཀའ་འབུམ་ཆ་ཚང་དང་། འདུལ་བ་རྒྱ་མཚོའི་མངའ་བདག་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོའི་འདུལ་ཊིཀ་མཚོ་ཆེན་བཅས་ཀྱི་ལྗགས་ལུང་གནང་ཡོད། འོན་ཀྱང་ཏོག་དབྱིབས་ནད་ཡམས་ཀྱིས་སྤྱི་སྒེར་ཚང་མར་དཀའ་ངལ་རབས་དང་རིམ་པ་ཞིག་བཟོ་བཞིན་ཡོད་པ་བཞིན། ད་དུང་ཉེན་ཁ་ཡོད་མུས་སུ་སོང་བས་ནད་ཡམས་སྔོན་འགོག་དང་འབྲེལ་ནས། ད་ཐེངས་ཀྱི་ལྗགས་ལུང་འདི་ཉིད་བཤད་གྲྭའི་ལྕགས་རི་ནང་དུ་བཞུགས་པའི་དགེ་སློབ་རྣམས་ཁ་གཙང་གི་ཆེད་དུ་གོ་སྒྲིག་ཞུས་པ་ཞིག་ཆགས་ཡོད།། ༢༠༢༡།༧།༡༣།

མུ་མཐུད་ཀློགས།

༈དཔལ་༧རྒྱལ་བ་མདོ་ཁམས་པ་ཆེན་པོ་མཆོག་གིས་བཀྲ་ཤིས་ལྗོངས་སྡེ་དགོན་གཉིས་དང་འབྲེལ་ཡོད་ལོ་ན་བཅོ་བརྒྱད་ནས་ཞེ་བཞིའི་བར་གྱི་སེར་སྐྱ་ཡོངས་ལ་ཏོག་དབྱིབས་གཉན་རིམ་འགོག་ཁབ་རིམ་པ་དང་པོ་བཀའ་དྲིན་བསྐྱངས། དེ་ཡང་གནས་ཡུལ་རྒྱ་གར་དུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་ཛ་དྲག་ཆེ་བའི་སྐབས་འདིར། ༧སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ལམ་སྟོན་དང་མཐུན་འགྱུར་འོག །བཀྲ་ཤིས་ལྗོངས་སྡེ་དགོན་གཉིས་དང་། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་། བྱང་ཆུབ་ལྗོངས་རྡོ་རྫོང་དགོན་པ་བཅས་ཀྱི་ལོ་ན་བཅོ་བརྒྱད་ནས་ཞེ་བཞིའི་བར་གྱི་སེར་སྐྱ་ཡོངས་དང་། འབྲེལ་ཡོད་ཁག་ལ་འགོག་ཁབ་རིམ་པ་དང་པོ་བརྒྱབ་ཅིང་། ནད་ཡམས་སྔོན་འགོག་གི་ལས་དོན་ཆེད་དུ་བོད་ཀྱི་འབྲས་ནད་ཚོགས་པར་སྔ་ཕྱིར་ཧིན་སྒོར་འབུམ་གཉིས་ ༢༠༠༠༠༠|དང་། རྡ་སའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པར་སྒོར་འབུམ་གཅིག་ ༡༠༠༠༠༠|བཅས་གནང་བ་དང་། སྔ་ཕྱིར་ས་གནས་རྒྱ་གར་ཡུལ་མི་རྣམས་ལ་ཟ་འབྲུའི་སོགས་སྦྱིན་གཏོང་རྒྱ་ཆེར་གནང་ཡོད། གཞན་ཡང་འདི་ག་བཀྲ་ཤིས་ལྗོངས་ཀྱི་གཞིས་ཁོངས་བྱང་ཨ་རི་དང་ཡོ་རོབ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་མཁན་འབྲེལ་ཡོད་ཁག་གིས་མ་སྐུལ་དང་བླངས་ཀྱིས། བཀྲ་ཤིས་ལྗོངས་སྡེ་དགོན་གཉིས་སུ་ནད་ཡམས་སྔོན་འགོག་ཆེད་དུ་དཔལ་འབྱོར་ཕུལ་འབྱོར་བྱུང་བ་དེ་དག །འདི་ག་སྡེ་དགོན་གཉིས་དང་། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་། བྱང་ཆུབ་ལྗོངས་རྡོ་རྫོང་དགོན་པ། འབྲུག་བདེ་ཆེན་ཆོས་འཁོར་གླིང་། འཛི་སྒར་དགོན་པ་བཅས་པར་སྲོག་རླུངས་དབུགས་སྣོན་དང་། རླངས་རྔུབ་འཕྲུལ་ཆས། …

མུ་མཐུད་ཀློགས།

པུཎྜ་རི་ཀ་དུས་དེབ་འདོན་ཐེངས་༼༦༽

|• ཉི་ཤུ་ལོའི་ཁམས་སྒར་འབྲུག་མཐོ་སློབ་ཁང་གི་དུས་དེབ་<<པུཎྜ་རི་ཀ>> འདོན་ཐེངས་( ༦ ) ••• ལོ་རེར་ངེད་དཔལ་འབྲུག་པའི་གདམས་ཟབ་གཅེས་སྐྱོང་ཁང་ནས་པུཎྜ་རི་ཀ་ཞེས་པའི་དུས་དེབ་འདི་པར་བསྐྲུན་བྱས་དང་བྱེད་བཞིན་པ། བྱེད་པར་འགྱུར་བ་ཡིན་པས། ད་ལོ་ཡང་བླ་མའི་བྱིན་བརླབས་དང་དགེ་བའི་བཤེས་གཉེན་རྣམ་པའི་སློབ་གསོ་དང་སློབ་གཉེར་བའི་དུས་བཞིའི་ཁྲོད་ནས་སྦྱངས་པའི་ཤེས་ཡོན་ནོར་བུའི་བཅུད་དེ་གང་ཡོད་ཅོག །ལྷག་བསམ་དང་སེམས་ཤུགས་མ་ལྷོད་པའི་རྩོམ་སྒྲིག་པ་རྣམས་ནས་དཀའ་ངལ་ཁྱད་དུ་བསད་དེ་ལོ་འདིའི་འདོན་ཐེངས་དྲུག་པ་དེ་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་ལགས།  

མུ་མཐུད་ཀློགས།
Show Buttons
Hide Buttons